ཆ་འཕྲིན་ཐག་གཅོད་མཁན་གྱི་བདེ་འཇགས་འགན་སྲུང་གི་འོས་འགན་གང་ཡིན།

པར་ངོས། 3 2025ལོའི་ཟླ02པའི་ཚེས21ཉིན།

ཆ་འཕྲིན་ཐག་གཅོད་མཁན་གྱི་བདེ་འཇགས་འགན་སྲུང་གི་འོས་འགན་ནི་གཤམ་གསལ་ལྟར།

གཅིག ཆ་འཕྲིན་ཐག་གཅོད་མཁན་གྱིས་བསྡུ་རུབ་དང་གསོ་ཉར་བྱས་པའི་མི་སྒེར་གྱི་ཆ་འཕྲེན་ཕྱིར་བསྒྲགས་དང་གཡོ་བཅོས་བྱེད་མི་ཆོག

རང་བྱུང་མིས་མོས་མཐུན་མ་བྱུང་ན། མི་གཞན་ལ་ཁྲིམས་འགལ་གྱིས་རང་ཉིད་ཀྱི་ཆ་འཕྲིན་འདོན་སྤྲོད་བྱས་མི་ཆོག འོན་ཀྱང་ལས་སྣོན་བྱས་ཀྱང་དམིགས་འཛུགས་མི་སྒེར་དབྱེ་འབྱེད་བྱེད་ཐབས་མེད་པར་མ་ཟད་སོར་ཆུད་བྱེད་མི་ཐུབ་པའི་རིགས་འདིའི་ཁོངས་སུ་མི་གཏོགས།

གཉིས། ཆ་འཕྲིན་ཐག་གཅོད་མཁན་གྱིས་ལག་རྩལ་གྱི་བྱེད་ཐབས་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱད་ནས་བསྡུ་རུབ་དང་གསོག་ཉར་བྱས་པའི་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས་པ་དང་། ཆ་འཕྲིན་ཕྱིར་བསྒྲགས་དང་། གཡོ་བཅོས། བོར་བརླག་བཅས་བྱུང་བའམ་འབྱུང་ཉེན་ཡོད་ཚེ་དུས་ཐོག་ཏུ་གསབ་བཅོས་བྱེད་ཐབས་སྤྱད་དེ་གཏན་འཁེལ་ལྟར་སྤྱི་དམངས་ལ་ཤེས་སུ་འཇུག་དགོས་པར་མ་ཟད་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཡང་ཞུ་དགོས།