ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས་པ།

པར་ངོས། 1 2025ལོའི་ཟླ02པའི་ཚེས21ཉིན།

ཟླ2པའི་ཚེས17ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གི་གྲོས་ཚོགས་དེ་ཟི་ལིང་དུ་བསྡུས། གྲོས་ཚོགས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཀྲུང་དབྱང་དང་རྒྱལ་ཁབ་དང་འབྲེལ་ཡོད་ཀྱི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་བྱ་བར་ཕྱོགས་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་ཏེ། ད་ལོའི་སྤྱི་བདེའི་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལིས་ཧོང་ཡཱ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སུ་བསྟན་དོན། 2024ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་མཛུབ་སྟོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་ཁྲིད་སྟོན་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་སྡེ་ཁག ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག རང་གི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ནས་ཞུམ་མེད་མདུན་སྐྱོད་དང་། བྱ་བ་རེ་རེ་བཞིན་མཐའ་གཅིག་ཏུ་ལེགས་པོར་བསྒྲུབས་ནས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་བརྟན་བརླིང་ལ་ནུས་ལྡན་སྒོས་སྲུང་སྐྱོང་བྱས།

གྲོས་ཚོགས་སུ་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། མཐའ་གཅིག་ཏུ་མཚོ་སྔོན་ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལས་འགན་ཕྲག་ཏུ་ཁུར་ནས། ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་ཡོང་བའི་འཐབ་ཇུས་ཀྱི་ངེས་གནས་དམ་འཛིན་ནན་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དངོས་འབེབས་བྱ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཚད་མཐའི་བསམ་བློ་བརྟན་སྲུང་བྱེད་པ། འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་བ། གསར་པ་བཞིའི་བླང་བྱ་དང་འབུར་ཐོན་ལྔ་སྣེ་ཁྲིད་དུ་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་འགོག་སེལ་སྐྱོབ་བཅོས་སོགས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བར་སྐུལ་འདེད་ཟབ་མོ་གཏང་དགོས། བསམ་གཞིགས་ཀྱི་ངེས་ཚུལ་ལས་ཐོད་བརྒལ་བྱེད་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་སྤུས་གསར་འཐབ་རྩོད་ནུས་པར་བརྟེན་ནས་ལས་གཞི་དེ་ཐེག་ནུས་སུ་བྱེད་ལ། ཁྲིམས་སྐྱོང་ཅན་དང་ཆ་འཕྲིན་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་དེ་འདེགས་སྐྱོར་དུ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་ཁ་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་དོགས་ཟོན་དང་སེལ་ཐབས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བར་སྤྱི་བདེ་ཡིས་བྱས་རྗེས་འཇོག་དགོས།