པར་ངོས། 1 2025ལོའི་ཟླ02པའི་ཚེས21ཉིན།
ཟླ2པའི་ཚེས18ཉིན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། 2024ལོའི་བྱ་བ་ཕྱོགས་སྡོམ་དང2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སུ་བསྟན་དོན། 2024ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་འོག ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། གྱོད་དོན་རེ་རེ་སྤུས་ནུས་མཐོ་བའི་སྒོ་ནས་ལེགས་པོར་བསྒྲུབ་པར་དམིགས་ནས། ཁྲིམས་ལུགས་ལྟ་སྐུལ་མཛུབ་སྟོན་གྱི་ལས་འགན་ལག་བསྟར་ནན་མོ་བྱས་པ་དང་། རང་རྟོགས་སྒོས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་གི་ཆེད་དུ་ཁག་ཁུར་བྱས་ཏེ། ཞིབ་དཔྱོད་བྱ་བ་སྣ་ཚོགས་ཐད་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་བླངས།
གྲོས་ཚོགས་སུ་ནན་གྱིས་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟ་སྐུལ་མཛུབ་སྟོན་གྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་ཤུགས་སྣོན་པར་དམིགས་ཏེ། བྱེད་མཁས་པ་གསུམ་གྱིས་སྤུས་ནུས་མཐོ་བའི་སྒོ་ནས་གྱོད་དོན་རེ་རེ་ལེགས་པོར་བསྒྲུབ་པར་སྣེ་ཁྲིད་བྱེད་པ་གཙོ་ཐིག་ཏུ་བརྩི་བ་དང་། རྩིས་མེད་གཅིག་དང་མི་བྱེད་པ་གསུམ་དངོས་འབེབས་བྱེད་པ། དོ་དམ་གསུམ་གཞི་གཅིག་སྒོས་དམ་འཛིན་ནན་མོ་བྱེད་པ། ཞིབ་དཔྱོད་བཅོས་སྒྱུར་དང་བྱ་བའི་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ནན་མོ་དང་སྤྱོད་ཚུལ་ནན་མོར་བརྟེན་ནས་བློ་དཀར་སྤྱོད་གཙང་ཁག་ཁུར་ཅན་གྱི་བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་སྡེ་སྒྲིག་འཛུགས་བྱེད་པ། སྤུས་ནུས་མཐོར་འདེགས་དང་ཁྱད་ཆོས་བཏོད་པ། བྱང་ཚད་མཐོར་འདེགས། གཞི་རིམ་སྲ་བརྟན། སྤྱོད་གཙང་སྲུང་བ་བཅས་མུ་མཐུད་དུ་ལེགས་པོར་བསྒྲུབ་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མཚོ་སྔོན་གྱི་ཞིབ་དཔྱོད་ལག་ལེན་ལ་སྐུལ་འདེད་ནན་མོ་བཏང་སྟེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་གི་ཆེད་དུ་ཁག་ཁུར་བྱེད་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།