(རྨ་ལྷོ) འབྲོང་ཞེན།པར་ངོས། 4 2021ལོའི་ཟླ07པའི་ཚེས23ཉིན།
ལོ་འདིའི་ཆར་བ་ཐོག་མ/ ཁྱོད་དང་ངའི་དྲན་གདུང་གི་མིག་ཆུ་བཞིན/ ཤག་ཤག་ངང་བབས་བྱུང/
ཤག་ཤག་ངང་བབས་ནས/ ནམ་མཁའ་དང་ས་གཞི་བརླན་བྱུང་ནའང/ ཚ་ལམ་ལམ་གྱི/ ངའི་སྙིང་ཁའི་ན་ཟུག་འདི་ཉིད་བརླན་མ་ཐུབ/
སྦྲང་ཆར་འདིའི་རྗེས་ནས/ མྱུ་གུ་དང་མེ་ཏོག་བཞད་ཡོང་མོད/ ངའི་སྤྲོ་སྐྱིད་ཀྱི་འཛུམ་མདངས་རྒྱས་སྲིད་དམ/
བྲལ་གདུང/ ན་ཟུག/ སྐྱོ་སྡུག/ དྲན་པ/ ཆར་བས་ཤེལ་ངོས་ཀྱི་ས་རྡུལ་འདག་ཐུབ་པ་བཞིན/ ནམ་ཞིག་གྱེས་བྲལ་གྱི་རྨ་ཁ་འདི་གསོ་ནུས་སམ/
ཕྱི་རོལ་ན/ ཆར་བའི་ཤག་སྒྲ་གང་སར་མཆེད/ ནང་སེམས་ན/ སྐྱོ་བའི་དངན་པས་རླུང་ལ་འགྲན/
ཆར་བ/ དྲན་གདུང/ སོ་སོ་མཐུད་ཅིང་འོངས/