ཕོ་ལོ་བཞི་བཅུ་ལ་མེ་ཏོག་རྐང་གཅིག་ཟེར་དོན། ངས་ད་གཟོད་རྟོགས།

(མཚོ་ནུབ) བོང་སྟག་རི་ལུ།

པར་ངོས། 4 2021ལོའི་ཟླ07པའི་ཚེས23ཉིན།

ཕོ་ལོ་བཞི་བཅུ་ལ་མེ་ཏོག་རྐང་གཅིག་ཟེར་བར་ང་ཡིད་ཆེས་གཅིག་བྱུང་།

དེ་ནི་འཚོ་བ་ཡི་ངོས་ནས་ནི་མེ་ཏོག་རྐང་གཅིག་ཡིན་པས་སོ། །

དགའ་སྐྱོ་མཐོང་ཡོད། 

ཆགས་སྡང་མྱངས་ཡོད།

ཕོ་ལོ་བཞི་བཅུ་ལ་མེ་ཏོག་རྐང་གཅིག་ཟེར་བར་ང་ཡིད་ཆེས་གཅིག་བྱུང་།

དེ་ནི་སྤྱི་ཚོགས་ཀྱི་ངོས་ནས་ནི་མེ་ཏོག་རྐང་གཅིག་ཡིན་པས་སོ། །

སྙིགས་མ་དོར་ཤེས། 

དྭངས་མ་ལེན་ཤེས།

ཕོ་ལོ་བཞི་བཅུ་ལ་མེ་ཏོག་རྐང་གཅིག་ཟེར་བར་ང་ཡིད་ཆེས་གཅིག་བྱུང་།

དེ་ནི་འཇིག་རྟེན་གྱི་ངོས་ནས་ནི་མེ་ཏོག་རྐང་གཅིག་ཡིན་པས་སོ། །

བཟོད་པ་སྒོམ་ཤེས། 

ཉམས་སུ་ལེན་ཤེས།