པར་ངོས། 2 2021ལོའི་ཟླ07པའི་ཚེས23ཉིན།
2021ལོའི་ཟླ7པའི་ཚེས8ཉིན།མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཡིས་ཞིབ་ཚགས་སྒོས་མྱུལ་ཞིབ་བྱས་པ་བརྒྱུད་མགོ་སྐོར་གྱི་གྱོད་གཞི་རབས་དང་རིམ་པ་རྩད་ཆོད་ཅིང་།དོགས་ཡོད་ཉེས་ཅན་ཕུར་བ་རྒྱལ་འཛིན་བཟུང་བྱས།(སྐད་འཕྲིན་ཨང་གྲངསwxid_h7xg99ps039412དང་།སྐད་འཕྲིན་གྱི་མིང་།རྨི་ལམ་གྱི་རྩྭ་ཐང་།(梦在草原) ཁ་པར་ཨང་གྲངས13119730186)
བརྟག་དཔྱད་བྱས་པ་བརྒྱུད།2019ལོ་ནས་བཟུང་དོགས་ཡོད་ཉེས་ཅན་ཕུར་བ་རྒྱལ་གྱིས་རང་ཉིད་རྨ་ལྷོ་ཁུལ་ཁ་ལོ་བ་གསོ་སྦྱོང་སློབ་གྲྭའི་མགོ་ཁྲིད་ལ་བརྫུས་ཤིང་།རྒྱུགས་སྤྲོད་མི་དགོས་པར་ཁ་ལོ་བའི་འཛིན་ཡིག་ལེན་ཐུབ་པར་ཁ་གཡར་ནས་མཚོ་ལྷོ་དང་རྨ་ལྷོ།མགོ་ལོག་སོགས་ས་ཆ་མང་པོར་གནོད་འཚེ་ཕོག་མཁན་གྱི་ལག་ནས་མིང་ཐོ་འགོད་དངུལ་དང་སློབ་ཡོན།འགན་བཅོལ་དངུལ་སོགས་མི་གཞན་གྱི་རྒྱུ་དངུལ་གཡོ་ལེན་བྱས་པ་དང་།གྱོད་འབྲེལ་དངུལ་འབོར་ཧ་ཅང་མཐོ་ཞིང་གནོད་འཚེ་ཕོག་མཁན་མང་བས་སྤྱི་ཚོགས་ཀྱི་བརྟན་འཇགས་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཏང་སྟེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད།
དོགས་ཡོད་ཉེས་ཅན་ཕུར་བ་རྒྱལ་གྱི་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་ཕྱོགས་ཡོངས་ནས་རྩད་ཆོད་གསལ་པོ་དང་།ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བ།མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོང་བྱ་ཆེད།ད་ལྟ་དོགས་ཡོད་ཉེས་ཅན་ཕུར་བ་རྒྱལ་གྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཡོངས་སྒྲོག་ངང་འཚོལ་བཞིན་ཡོད་པས།འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
དང་པོ།བརྡ་ཁྱབ་འདི་སྤེལ་ཉིན་ནས་བཟུང་།རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཡོད་ཉེས་ཅན་ཕུར་བ་རྒྱལ་གྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་དང་གནོད་འཚེ་ཕོག་མཁན།དོགས་ཡོད་ཉེས་ཅན་གྱི་གནས་ཚུལ་བཅས་ཤེས་ཚེ་མགྱོགས་མྱུར་སྒོས་སྤྱི་བདེ་ལས་ཁུངས་ལ་དཔང་རྟགས་ཀྱི་ཁུངས་སྣེ་འདོན་སྤྲོད་བྱ་རྒྱུར་དགའ་བསུ་ཞུ།
གཉིས་པ།སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་གྱི་གནས་ཚུལ་གསང་སྲུང་ནན་མོ་བྱ་རྒྱུ་ཡིན་པར་མ་ཟད།སྲུང་སྐྱོང་བྱེད་ཐབས་ནན་མོ་སྤྱད་རྒྱུ།
གསུམ་པ།དོགས་ཡོད་ཉེས་ཅན་འགེབས་སྲུང་བྱེད་མཁན་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན་པ་དང་།དཔང་མིར་རྡུང་རྡེག་དང་འཁོན་ལན་སློག་མཁན་ལ་ཉེས་ཆད་ནན་མོ་གཅད་རྒྱུ།
ཐེར་འདོན་བྱེད་ས།
ཉེན་རྟོག་པ་བཀྲ། 17809745325
ཉེན་རྟོག་པ་བསྟན། 15609745757
མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན།
2021ལོའི་ཟླ7པའི་ཚེས9ཉིན།