པར་ངོས། 1 2021ལོའི་ཟླ07པའི་ཚེས23ཉིན།
ཟླ7པའི་ཚེས15ནས་ཚེས19ཉིན་བར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅུ་བ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་མཛུབ་སྟོན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ནན་མོ་བཏང་། མཚོ་སྔོན་དུ་ཡོད་པའི་སྐབས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅུ་བ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་ཡོད་སའི་ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས་པ་དང་།ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་ལ་ཆེད་དོན་བགྲོ་གླེང་བྱས་ཤིང་། སྔ་གཞུག་ཏུ་ཟི་ལིང་ཡོང་ཧུ་སྡེ་ཚོགས་དང་མཚོ་སྔོན་ཆིན་ཡུའེ་མ་རྐང་དོ་དམ་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སི། རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བ། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་སྟོང་མདའ་སྡེ་བ། དུས་རབས་དཔེ་སྟོན་དྲན་གསོ་ཁང་སོགས་སུ་སོང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་བྱ་བའི་གནས་ཚུལ་ལ་ཉན་པ་དང་། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཝུའུ་ཐེན་ཡེ་ལ་གླེང་མོལ་བྱས། ཡིག་ཆ་ལྟ་ཀློག་དང་ཡུལ་དངོས་ལྟ་རྟོག ཏང་ཡོན་དང་མང་ཚོགས་ལ་བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ལ། ངས་དམངས་ལ་དོན་དངོས་བསྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་གཞི་རིམ་ནས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ཞིབ་མོ་བླངས། ལྟ་ཞིབ་ཚན་ཆུང་གིས་རང་རེའི་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འཕེལ་རིམ་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་རྗེས་ཕྱོགས་ཀྱི་བྱ་བར་བླང་བྱ་བཏོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས། གཞུང་ལུགས་ལྟེ་བའི་ཚན་ཆུང་དང་ཆེད་དོན་སློབ་སྦྱོང་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད་དེ་སྤུས་ཚད་མཐོ་བའི་སློབ་སྦྱོང་བགྲོ་གླེང་བྱ་དགོས་ལ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་དོན་འཁྱོལ་བཟང་པོ་བྱ་དགོས། མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ས་གནས་ཀྱི་དམར་པོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་ཉེ་འགྲམ་གྱི་དཔེ་སྟོན་སྟོབས་ཤུགས་ཇེ་དྲག་ཏུ་གཏང་དགོས། ཕྱོགས་མང་པོའམ་ཕྱོགས་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་བཟང་པོ་དང་དཔེ་མཚོན་བཟང་པོ། གྲུབ་འབྲས་བཟང་པོ་སྔོག་འདོན་བྱས་ནས་ངས་དམངས་ལ་དོན་དངོས་བསྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་དམ་དུ་བཟུང་སྟེ་ཁྱད་ཆོས་འབུར་དུ་ཐོན་པ་དང་གནད་འགག་འཛིན་དགོས་ཤིང་། ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་བར་བྱ་དགོས་ཟེར། ཟླ7པའི་ཚེས22ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས22པ་ཟི་ལིང་དུ་འཚོགས། ཐེངས་འདིའི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག“སྒོ་འབྱེད་མཉམ་ལས·ལྗང་མདོག་འཕེལ་རྒྱས”ཀྱི་བརྗོད་དོན་ལ་དམ་དུ་དམིགས་ནས་ཚོགས་ར་གཙོ་བོ་ཟི་ལིང་གྲོང་ཁྱེར་དུ་བཙུགས་པ་དང་ཡན་ལག་ཚོགས་ར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་བཙུགས་ཡོད།མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟི་ལིང་གི་ཚོགས་ར་གཙོ་བོར“ས་ཆ་བཞི”འཛུགས་སྐྲུན་དང་མཉམ་ལས་སྤེལ་རེས་སོགས་ལ་དམིགས་ནས་འགྲེམས་སྟོན་བྱས་ཏེ་མཚོ་སྔོན་གྱི་ཕྱོགས་བསྡུས་འགྲེམས་ཁུལ་དང་།སྐུ་མགྲོན་གཙོ་བོའི་ཞིང་ཆེན་དང་གྲོང་ཁྱེར་གྱི་འགྲེམས་སྟོན་ཁུལ།འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འགྲེམས་སྟོན་ཁུལ་འཛུགས་སྐྲུན།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་ས་མཐོའི་འགྲེམས་སྟོན་ཁུལ།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འགྲེམས་སྟོན་ཁུལ།ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་ཡུལ་དང་།རོགས་སྐྲུན་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་གྱི་འགྲེམས་སྟོན་ཁུལ།ཞིང་ཆེན་དང་གྲོང་ཁྱེར་འཕེལ་རྒྱས་འགྲེམས་སྟོན་ཁུལ།ཚོང་རྫས་ཕྱིར་འཚོང་འགྲེམས་སྟོན་ཁུལ་བཅས་གནས9ཡོད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དྲ་ཐོག་ཏུ་འཚོགས་པ་དང་།དྲ་ཕྱིའི་བྱ་འགུལ་ནང་མགོ་ཚུགས་མཛད་སྒོ་དང་།བརྗོད་དོན་གཙོ་བོའི་གླེང་སྟེགས།འགྲེམས་སྟོན།ལས་གཞི་འོས་སྦྱོར།ཤེས་ལྡན་མི་སྣ་སྦྲེལ་མཐུད།གཅིག་སྡུད་གན་རྒྱ་འཇོག་པ།བརྗོད་དོན་གཙོ་བོའི་གྲོང་ཁྱེར།མཚོ་སྔོན་གྱི“ལྗང་མདོག་གློག”སོགས་ཚུད་ཡོད་པ་རེད།“སྤྲིན་སྟེང་མཚོ་སྔོན་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང5Gཐད་གཏོང་སོགས་གཉེར་རྒྱུ་རེད།དེ་དང་ཆབས་ཅིག་མཚོ་སྔོན་གྱི་དངུལ་གཏོང་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབས་དང་རིམ་པ་སྤེལ་ནས།མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།