མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་གྱི་ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་སྒོར1872ཇེ་མཐོར་བཏང་།

256  2025-04-30 14:58:20 

ཟླ4པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2025ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལས་ཤོར་ཉེན་ཚབ་མ་དངུལ་མི་རེ་ཟླ་རེར་སྒོར1692ནས་སྒོར1872ལ་ཇེ་མཐོར་བཏང་བ་དང་། ཟླ་རེར་སྒོར180འཕར་ཡོད་ལ། འཕར་ཚད་བརྒྱ་ཆའི་བཅུ་དང་གྲངས་ཆུང་དྲུག་རེད།

ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་འགན་སྲུང་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ་ཉིན་འགའི་སྔོན《ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས། ཐེངས་འདིའི་སྙོམས་སྒྲིག་ཁྱབ་ཁོངས་ནང་ལས་ཤོར་ཉེན་ཚབ་ནང་ཞུགས་ཡོད་པ་དང་ལས་ཤོར་ཉེན་ཚབ་ཐོབ་ཆའི་ཆ་རྐྱེན་ལོངས་སྤྱོད་དང་མཐུན་པའི་མཁར་གྲོང་གི་ཁེ་ལས་ལས་དོན་ལས་ཁུངས་ཀྱི་ལས་ཤོར་མི་སྣ་ཚུད་ཡོད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མུ་མཐུད་དུ་ལས་སྒྲུབ་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། ཚད་གཞི་གསར་རྙིང་ལ་སྦྲེལ་མཐུད་ཡག་པོ་བྱས་ཏེ། ལས་ཤོར་ཉེན་ཚབ་མ་དངུལ་ཚད་གཞི་གསར་པ་ལྟར་དུས་ཐོག་ཏུ་སྟེར་རྒྱུ་ཁག་ཐེག་བྱས།

རྩོམ་སྒྲིག་པ། སངས་བཀྲ།