མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་བྱ་བ་བསྒྲུབ་མཁན་གྱི་བྱས་རྗེས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས།

602  2025-04-30 14:59:32 

ཟླ4པའི་ཚེས29ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་ཁུར་བའི“ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་ཀྱི་ལེའུ་གསར་པ་རྩོམ་དགོས”ཞེས་པའི་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་བྱ་བ་བསྒྲུབ་མཁན་གྱི་བྱས་རྗེས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་འཚོགས། ཐེངས་འདིའི་སྙན་ཞུའི་ཚོགས་འདུའི་ཐོག་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དབུ་བརྙེས་ནས་ལོ100འཁོར་བ་དང་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས2024ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཟེངས་བསྟོད་བྱས་པའི་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་བྱ་བ་བསྒྲུབ་མཁན་གྱི་གཟི་ཉམས་གཙོ་བོ་མངོན་པར་བྱས་ཡོད།

སྙན་ཞུ་ཚོགས་འདུའི་ཐོག“བྱས་རྗེས་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་བསྟོན་གྱི”བྱེད་ཐབས་སྤྱད་དེ《ང་ཚོ་བཟོ་པར་སྟོབས་ཤུགས་ཡོད》ཅེས་པའི་བརྗོད་དོན་གཙོ་བོའི་གླུ་གཞས་དང་མེ་ཏོག་ལ་བསྟོད་གླུ་འབུལ་བ་དང་གུས་འདུད་ཞུ་བ་སོགས་བཀོད་སྒྲིག་བྱས་ཡོད་པ་རེད། ཞོད་འགོག་གནོད་སེལ་དང་། ས་མཐོའི་གནམ་གཤིས། རྩིས་བཤེར་ལྟ་སྐུལ། བྱིས་པའི་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ6གིས་ལྷག་བསམ་རྣམ་དག་ངང་ལས་གནས་ཐོག་གཞི་ཚུགས་ནས་བྱས་རྗེས་བཞག་པའི་འབད་འཐབ་ཀྱི་གཏམ་རྒྱུད་བཤད།  ཁོ་ཚོའི་ཁྲོད་དྲག་ཆར་རླུང་འཚུབ་ཁྲོད་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་མྱོང་བའི་གདོང་ལེན་པ་དང་། གངས་ལྗོངས་སུ་གཞི་ཚུགས་ཏེ་གློག་རླབས་ཤར་གཏོང་འགན་ལེན་བྱེད་པའི་རྒྱང་སྒྲོག་བརྙན་འཕྲིན་གྱི་དཔེ་སྟོན་སྣེ་ཁྲིད་པ། གྲོང་གསེབ་དར་སྤེལ་ཀྱི་རྩིས་བཤེར་ཐད་རོགས་རམ་བྱེད་པའི་ནོར་སྲིད་སྲུང་སྐྱོང་པ། བྱིས་པར་གཅེས་སྐྱོང་བྱས་ཏེ་མ་འོང་བར་སེམས་འདུན་ཕུལ་བའི་བྱིས་སྐྱོང་ཁང་གི་དགེ་རྒན་སོགས་ཡོད།  ལས་རིགས་མི་འདྲ་བའི་གསོན་ཉམས་ལྡན་པའི་ལག་ལེན་གྱིས“ལས་གཅེས་ལས་བཀུར། རྩེར་སོན་དོན་གཉེར། དཀའ་སྤྱད་འབད་བརྩོན། གསར་གཏོད་བྱེད་ཕོད་པ། མིང་དོན་ཁོ་ན་མི་བསམ་པ། ཡོད་ཚད་འབུལ་ཐུབ་པའི”ངལ་རྩོད་དཔེ་ལེགས་ཀྱི་སྙིང་སྟོབས་ལ་གསོད་ཉམས་དོད་པའི་ལག་ལེན་ཁྲོད་གསལ་འགྲེལ་བྱས་ཡོད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ300ལྷག་གིས་སྙན་ཞུ་ལ་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཚང་མས་གཅིག་རྗེས་གཉིས་མཐུད་སྒོས་ཚད་གཞི་དང་ཆབ་སྲིད་ཀྱི་གཤིས་སྤྱོད་ཇེ་བརྟན་དུ་བཏང་ནས་ལྷག་བསམ་རྣམ་དག་དང་། ཆེད་ལས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། ཚད་གཞི་དང་ལེགས་སྐྱེས་འབུལ་བར་བཅངས་པའི་བརྩེ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐེངས་འདིའི་སྙན་ཞུ་ཚོགས་འདུའི་སློབ་སྦྱོང་གི་གྲུབ་འབྲས་དེ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞི་འཛུགས་སྐྲུན”བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། སངས་བཀྲ།