མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་སློབ་སྦྱོང་སློབ་གསོ་ནན་ཏན་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

  2025-04-27 09:59:35 

བསྟུད་མར་ཉིན་འགའི་རིང་ལ། ཞིན་ཅང་དང་ནང་སོག ལེའོ་ཉིང་སོགས་ས་ཆས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་བ་དང་། སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྤེལ་ནས། སློབ་སྦྱོང་གི་སྤུས་ཚད་བཟང་བ་དང་ཞིབ་བཤེར་ཐད་ནས་ནུས་ཤུགས་ལྡན་པ། དག་ཐེར་ལེགས་བཅོས་ཐད་ནས་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱས།

ཞིན་ཅང་གིས་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་བ་དང་། བྱ་བའི་བྱེད་ཐབས་བཅུ་གསུམ་ཇེ་ཞིབ་ཏུ་བཏང་ལ། དཔེ་ཀློག་འཛིན་གྲྭ་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་། ཆེད་དོན་ཟུར་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་དེ་སློབ་སྦྱོང་བགྲོ་གླེང་སྤེལ་ནས། སློབ་སྦྱོང་བགྲོ་གླེང་བྱེད་ཞོར་དུ་གཟིགས་ཞིབ་ལེགས་བཅོས་བྱས། དེ་དང་མཉམ་དུ། ཞིན་ཅང་གིས་ད་དུང་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། འབུར་ཐོན་གནད་དོན་ལ་ཁ་གཏད་དེ་གཅིག་བསྡུས་བཅོས་སྐྱོང་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྙིང་རུས་ཆེར་སྐྱེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས།

ནང་སོག་རང་སྐྱོང་ལྗོངས་ཏང་ཨུས་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ནས། ཆེད་དོན་ཟུར་ཁྲིད་དང་གཅིག་བསྡུས་རང་སྦྱོང་གཉིས་ཟུང་འབྲེལ་བྱས་པ་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་དེར་རྒྱུས་ལོན་གསལ་པོ་བྱས། སློབ་སྦྱོང་ཟབ་མོ་བྱེད་པ་དང་རྒྱུས་ལོན་གསལ་པོ་བྱེད་པ། ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་བཏོན་པ་དང་། གནད་དོན་ཕྱོགས་ཡོངས་ནས་བཤེར་འདོན་ནན་མོ་བྱས་ལ། གཅིག་བསྡུས་བཅོས་སྐྱོང་ནན་མོ་བྱས་ཏེ། སློབ་སྦྱོང་སློབ་གསོ་ཐད་ནས་གྲུབ་འབྲས་བཟང་པོ་ལེན་རྒྱུ་བརྩོན་ལེན་བྱས།

ལེའོ་ཉིང་ཞིང་ཆེན་ཏང་ཨུས་མགོ་ཁྲིད་དེ་མི་སྒེར་གྱི་རང་སྦྱོང་དང་བརྗེ་རེས་བགྲོ་གླེང་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་བར་སྣེ་ཁྲིད་བྱས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མ་ལག་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཕྱོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། གནད་དོན་གྱི་རྩིས་ཁྲ་བཙུགས་ལ། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ནས། དག་ཐེར་ལེགས་བཅོས་ཐད་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།