ཉེ་སྔོན། པེ་ཅིན་དང་ཀོང་ཏུང་། སི་ཁྲོན། མཚོ་སྔོན་སོགས་ས་ཆས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ནས། སློབ་སྦྱོང་སློབ་གསོ་ཉིན་རྒྱུན་གྱི་ཁྲོད་འདྲེས་པར་བྱས་པ་དང་ཉིན་རྒྱུན་དུ་དམ་འཛིན་བྱས་ལ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།
པེ་ཅིན་གྲོང་ཁྱེར་ཏང་ཨུས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་ནན་ཏན་སྒོས་གཏན་འབེབས་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་བགྲོ་གླེང་ཏན་ཏིག་གིས་སྤེལ་བར་སྣེ་ཁྲིད་བྱས་ལ། སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་ལེགས་བཅོས་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་གནད་དོན་བཤེར་འདོན་བྱས་ཤིང་། མཐའ་གཅིག་དང་ཤུགས་ལྡན་པའི་སྒོ་ནས་དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་བྱས་ཏེ། སློབ་སྦྱོང་གི་སྤུས་ཚད་བཟང་བ་དང་ཞིབ་བཤེར་ལ་ནུས་ཤུགས་ལྡན་པ། དག་ཐེར་ལེགས་བཅོས་ཐད་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱས་པ་དང་། མང་ཚོགས་ཀྱིས་སྤྱོད་ཚུལ་བསྒྱུར་བ་དང་སྲོལ་གསར་འཛུགས་པའི་ཐད་ཀྱི་རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བ་ཚོར་ཐུབ་པར་བྱས།
ཀོང་ཏུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་པ་དང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚན་ཁག་གིས་དཔེ་ཀློག་འཛིན་གྲྭ་དང་གཞུང་ལུགས་སློབ་སྦྱོང་ཚན་ཆུང་གི་སློབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ་སློབ་སྦྱོང་བགྲོ་གླེང་སྤེལ་ནས། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པའི་ཁྲོད་ངོས་ཟིན་ཇེ་ཟབ་དང་གོ་རྟོགས་ཇེ་མཐོ། ཏང་གཤིས་སྦྱོང་བརྡར། སྤྱོད་ཚུལ་ལེགས་སྒྱུར་བཅས་བྱས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་བསླབ་ནས་ཞིབ་བཤེར་ལ་སྐུལ་བ་དང་བསླབ་ནས་ལེགས་བཅོས་ལ་སྐུལ་བར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་བཟང་བོས་ཀོང་ཏུང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
སི་ཁྲོན་གྱིས་དཔེ་ཀློག་འཛིན་གྲྭ་བསྡུས་པ་དང་ཆེད་དོན་ཟུར་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པར་རྩ་འཛུགས་བྱས་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རང་བཤེར་རང་བཅོས་བྱེད་པར་སྐུལ་འདེད་བཏང་ལ། གནད་དོན་གྱི་རྩིས་ཐོ་བཙུགས་པ་དང་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ནས། དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་ལག་ཏུ་བསྟར་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།
མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་མོ་བྱེད་པར་རྩ་འཛུགས་བྱས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གཙོ་གནད་ཁྱབ་ཁོངས་བདུན་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅུ་ཡི་ཆེད་དོན་བཅོས་སྐྱོང་སོགས་ལ་ཟུང་འབྲེལ་བྱས་ཏེ། རེ་རེ་བཞིན་གནད་དོན་གྱི་གསལ་ཁྲ་དང་འགན་འཁྲིའི་གསལ་ཁྲ། དག་ཐེར་ལེགས་བཅོས་ཀྱི་གསལ་ཁྲ་བཅས་བཙུགས་པ་དང་། གཅིག་བསྡུས་བཅོས་སྐྱོང་ལ་འབྲེལ་མཐུད་དང་སྐུལ་འདེད་བྱས།