མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་གཉིས་བཀུར་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

1429  2025-04-25 15:27:33 

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཉིས་བཀུར་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ནི་ང་ཚོའི་ཏང་དང་དམག་དཔུང་། རང་རྒྱལ་མི་དམངས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་ཁྱད་སྟོབས་གལ་ཆེན་ཞིག་ཡིན་པས། སྐྱོད་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས། བཅོས་སྒྱུར་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། སྲིད་ཇུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གཉིས་བཀུར་བྱ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམག་དཔུང་གི་འཛུགས་སྐྲུན་དང་བཅོས་སྒྱུར་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རང་འགུལ་སྒོས་རྒྱ་ཆེའི་དཔོན་དམག་གི་སེམས་ཁྲལ་སེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྲུང་ལ་སེམས་ཁུར་དང་དམག་དཔུང་ལ་དགའ་བ། དམག་མི་ལ་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས། དམག་དཔུང་གིས་འདུ་ཤེས་བརྟན་པོ་འཛུགས་པའི་རྩ་དོན་ཇེ་བརྟན་དུ་བཏང་ནས། ས་གནས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་དང་ཁེ་ཕན་བསྐྲུན་དགོས། དམག་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། བྲག་རྡོ་ལྟར་སྲ་བརྟན་ཡིན་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། མཉམ་དུ་རང་རྒྱལ་ལ་དགའ་བའི་མི་དམངས་དང་རང་དམག་ལ་དགའ་བའི་དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་དུ་འབྲི་དགོས།

ཟླ4པའི་ཚེས23ཉིན། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་གྱི་མིང་འདོགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས། ཚོགས་འདུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཟླ4པའི་ཚེས23ཉིན། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་མིང་འདོགས་ཚོགས་ཆེན་པེ་ཅིང་དུ་འཚོགས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ལིས་ཆང་གིས་གསུང་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་བྱ་བའི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཏང་གིས་གཉིས་བཀུར་བྱ་བར་མགོ་ཁྲིད་བྱས་པའི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་ཡིན་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་གཉིས་བཀུར་བྱ་བ་ཡག་པོར་སྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་གཉིས་བཀུར་བྱ་བར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། དམག་མི་དང་ས་གནས་རིམ་པ་སོ་སོ་དང་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གཉིས་བཀུར་བྱ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་སྔར་ལས་འཐུས་ཚང་དུ་ཕྱིན་ལ། སྤྱི་ཚོགས་ཀྱི་དམག་བཀུར་རྩ་འཛུགས་དང་ཞབས་ཞུའི་དྲ་རྒྱ་སྔར་ལས་འཐུས་ཚང་དུ་ཕྱིན་པ་དང་། དམག་ཡོངས་ཀྱི་དཔུང་སྡེ་དབུལ་ཐར་མཁྲེགས་གཏོར་དང་། གྲོང་གསེབ་དར་སྤེལ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་སོགས་འཐབ་ཇུས་ལག་བསྟར་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཉེན་སེལ་རྒུད་སྐྱོབ་དང་ཕྱིར་སྡོད་རང་མི་ཕྱིར་འཐེན་དང་སྲུང་སྐྱོབ། བརྟན་བརླིང་སྲུང་སྐྱོབ་དང་འཕྲལ་རྐྱེན་ཐག་གཅོད་སོགས་ཀྱི་ལས་འགན་ཡོངས་འགྲུབ་བྱས་ཡོད། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན། གཉིས་བཀུར་བྱ་བའི་དམག་དཔུང་དང་ས་གནས་བར་འབྲེལ་འདྲིས་བྱེད་པ་དང་། དམག་དམངས་བར་མཐུན་སྒྲིལ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་བྱེད་པའི་ནུས་པ་གལ་ཆེན་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པ་དང་།  དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་སྲུང་གི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། དམག་དཔུང་འཛུགས་སྐྲུན་དང་བཅོས་སྒྱུར་གྱི་གཙོ་གནད་ལ་དམིགས་ནས། ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་པ་དང་། དམག་དཔུང་དང་ས་གནས་བར་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་རང་འགུལ་སྒོས་ཞབས་འདེགས་ཞུ་དགོས།  དམག་དཔུང་དུ་ཡོད་པའི་དམག་མི་དང་དམག་དཔུང་ལས་བུད་པའི་དམག་མིའི་དངོས་ཡོད་དགོས་མཁོར་གཅིག་གྱུར་གྱིས་བསམ་གཞིགས་གཏོང་བ་དང་། འགན་སྲུང་གི་གནད་ཁེལ་ཞབས་ཞུ་མཐོར་འདེགས་སུ་བཏང་སྟེ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་དམག་མིས་སེམས་ཁུར་བྱེད་པའི་བུ་ཕྲུག་གི་སློབ་གསོ་དང་ཁྱིམ་མིའི་ལས་ཞུགས། ཕ་མའི་རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་པར་རོགས་བྱས་ཏེ། དམག་ཁོངས་ལས་བུད་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས་ལས་སྐྲུན།  སེམས་གསོ་འཚམས་འདྲི། དཀའ་ངལ་རོགས་སྐྱོར་སོགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་དགོས། དམག་དཔུང་གིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བའི་ཁྲོད་གཉིས་བཀུར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། རྩ་འཛུགས་དང་མགོ་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཉིས་བཀུར་དཔེ་སྟོན་གསར་འཛུགས་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་གཉིས་བཀུར་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཏང་ཀྲུང་དབྱང་གི་གཉིས་བཀུར་བྱ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་མིང་འདོགས་པའི་སྐོར་གྱི་གཏན་འབེབས་སྒྲོག་འདོན་བྱས་པ་མ་ཟད། རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་འཐུས་མིར་བྱ་དགའ་བྱིན། འབྲེལ་ཡོད་དམག་མི་དང་ས་གནས་ཀྱི་འཐུས་མིས་གཏམ་བཤད།

ཧྲི་ཐའེ་ཧྥིན་དང་ལིས་ཧྲུའུ་ལེ། ཀྲང་ཡིའུ་ཞ། ཝང་ཏུང་མེན། ཝུའུ་ཀྲིན་ལུང་། ཧྲིན་ཡུའེ་ཡུའེ་བཅས་གྲོས་ཚོགས་སུ་ཞུགས།  ཁྲིན་དབྱི་ཆིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

མིང་བཏགས་པའི་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་འཐུས་མི་དང་། རྒྱལ་ཡོངས་གཉིས་བཀུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་གཉིས་བཀུར་བྱ་བའི་མགོ་ཁྲིད་ཚན་ཆུང་དང་དེ་མིན་གཉིས་བཀུར་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། སངས་བཀྲ།