ཟླ4པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཝེ་ནེ་ཙེ་ལའི་ཙུང་ཐུང་གཞོན་པ་ལོ་ཏི་ལིས་ཀི་སི་ལ་མཇལ་འཕྲད་གནང་།
ཟླ4པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཝེ་ནེ་ཙེ་ལའི་ཙུང་ཐུང་གཞོན་པ་ལོ་ཏི་ལིས་ཀི་སི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཝེའི་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་པར་སླེབས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ནེ་ཙེ་ལའི་སྲིད་གཞུང་དང་མི་དམངས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་འཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཝེ་ནེ་ཙེ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་དངོས་འབེབ་བཟང་པོ་བྱེད་པ། ཀྲུང་ཝེའི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། ཕྱོགས་གཉིས་ཀྱི་མཉམ་ལས་གཞི་ཁྱོན་མུ་མཐུད་དུ་ལེགས་སྒྱུར་བྱེད་པ། མཉམ་ལས་གྲུབ་འབྲས་དངོས་ལ་བརྟེན་ནས་སོ་སོའི་འཕེལ་རྒྱས་དར་རྒྱས་ལ་རོགས་འདེགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པོའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ལོ་ཏི་ལིས་ཀི་སི་ཡིས་བསྟན་དོན། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་མགོ་ཆེན་པོ་གསུམ་སྔར་ལས་མི་སེམས་སུ་ཟུག་ཡོད། ཝེ་ནེ་ཙེ་ལ་ཕྱོགས་ཀྱིས་ཝེ་ཀྲུང་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་ངང་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།