རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན30པའི་གཏན་འཁེལ་ལྟར་ན།“མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱའི་ཁ་ཆད་དང་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་ངལ་རྩོལ་པར་དུས་ཐོག་ཏུ་ངལ་རྩོལ་གྱི་གླ་ཕོགས་ཆ་ཚང་སྤྲད་དགོས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གླ་ཕོགས་ཕྱིར་འགྱངས་བྱས་པའམ་ཆ་ཚང་སྤྲད་མེད་ན། ངལ་རྩོལ་པས་ཁྲིམས་ལྟར་ས་གནས་དེ་གའི་མི་དམངས་ཁྲིམས་ཁང་ལ་གཏོང་སྤྲོད་བཀའ་རྒྱ་རེ་ཞུ་བྱས་ཆོག་པ་དང་། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་གཏོང་སྤྲོད་བཀའ་རྒྱ་གཏང་དགོས”ཞེས་བཀོད་ཡོད།