ཟླ4བ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་འགན་གསར་དུ་ཁུར་བའི་མགོ་ཁྲིད་ལས་བྱེད་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། འགན་མ་ཁུར་གོང་གི་སྲིད་དོན་གཙང་སྐྱོང་སྐོར་གྱི་སློབ་གསོ་སྤེལ་བ་དང་ལས་བྱེད་མགོ་ཁྲིད་པའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་དང་རུལ་སོང་སྔོན་འགོག་གི་ནུས་པ་མཐོར་འདེགས་བཏང་སྟེ། འགན་ནུས་ལག་བསྟར་གྱི་གོམ་དང་པོ་སྤོས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྲིད་དོན་གཙང་སྐྱོང་སྐོར་གྱི་སློབ་གསོ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་བླང་བྱ་གཙོ་བོར་བཟུང་ནས། ལས་བྱེད་པའི་དཔུང་ཁག་འཛུགས་བསྐྲུན་ནན་བཤད་དང་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་གཅུན་འདུ་ཤེས་ཆེ་རུ་བསྐྱེད་ཡོད། འགན་གསར་བཞེས་ཀྱི་ལས་བྱེད་པར་ཆབ་སྲིད་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་དང་ཕུགས་བསམ་དང་དད་མོས་བརྟན་པོ་ཡོད་པ། སེམས་ཤུགས་གཅིག་སྒྲིལ་སྒོས་ཞི་ཅིང་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རིག་ལམ་གསལ་བོ་ཡིན་པ་དང་། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་སྤྱོད་ལམ་སྦྱོང་བརྡར་བྱེད་དགོས།
ལས་རྐང་གསར་བ་ནི་འོས་འགན་གསར་བ་ཞིག་དང་འགན་ཁུར་གསར་བ་ཞིག་ཡིན་པས། པདྨ་རྫོང་གིས་འགན་གསར་བཞེས་ཀྱི་ལས་བྱེད་མགོ་ཁྲིད་རྣམས་ཀྱིས་ལས་གནས་གསར་བའི་སྟེང་བྱ་བཞག་གསར་བ་སྒྲུབ་པ་དང་། རང་འགུལ་ངང་འགན་འཁྲི་ཁག་ཁུར་དང་གདོང་མཆོང་བའི་སྤོབས་པ་བསྐྱེད་དེ། མུ་མཐུད་དུ་རང་ངོས་ཀྱི་འགན་འཁྲི་སྒྲུབ་ནུས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག ཧུར་བརྩོན་དང་རང་འགུལ་ངང་ཕྱོགས་སོ་སོའི་ལྟ་སྐུལ་ངོས་ལེན་བྱས་ཏེ། དུས་དང་རྣམ་པ་ཀུན་དུ་རང་གཅུན་དང་རང་ཟོན། རང་སྐུལ་བྱེད་པ། རིག་གསལ་བོའི་ངང་འགན་གནས་བཞེས་པ་དང་ལས་འགན་ལེགས་པར་བསྒྲུབ་དགོས།
ཐེངས་འདིའི་འགན་གསར་དུ་ཁུར་བའི་མགོ་ཁྲིད་ལས་བྱེད་པའི་འགན་མ་ཁུར་གོང་གི་སྲིད་དོན་གཙང་སྐྱོང་སྐོར་གྱི་སློབ་གསོ་ནི། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་རིག་ལམ་གཙང་སེལ་དང་ཁ་ཕྱོགས་གསལ་བ། ཐུན་མོང་གི་ངེས་འཛིན་ཡོད་པ་བཅས་བྱས་ཡོད། པདྨ་རྫོང་གིས་རྒྱུན་མཐུད་ངང་རྒྱ་ཆེའི་ལས་བྱེད་རྣམས་ལ་དངོས་སྒྲུབ་སྔོན་བརྩོན་གྱི་ཁྲིད་ཕྱོགས་གསལ་བོར་འཛུགས་པ་དང་། ལས་བྱེད་པའི་གསོ་སྦྱོང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། དུས་རབས་གསར་བའི་མདོག་གསུམ་པདྨའི་འཛུགས་བསྐྲུན་ལ་སྲ་བརྟན་གྱི་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱས་ཡོད།