ཟླ4པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་ཡི་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ།
ཅིན་པེན་དང་ཁ་གྱེས་སྐབས། ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སིན་དང་། གྲོས་ཁང་གོང་མའི་ཀྲུའུ་ཞི་གཞོན་པ་དང་པོ་ཝུའུ་པོ་ལེ། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཆན་ཡེ། ཀའོ་སའོ་ཕཱ། པུའུ་ལཱ་སའོ་ཁུན། ཧཱན་ཁྲུན་ནཱ་ལའོ། ཧྲའོ་སའོ་ཁཱ། ཧུང་མ་ཉི་བཅས་དབུ་བཞུགས་བློན་ཆེན་གཞོན་པ་ལྔ་པོ་དང་། ཝང་ཅ་དམག་སྐམ་དམག་གི་དམག་སྤྱི་གཞོན་པ་ཧུང་མ་ནི་སོགས་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།
ཧུང་སིན་གྱིས་གནམ་གྲུ་ཐང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐྱེལ་མ་བྱེད་པའི་མཛད་སྒ་གཟབ་རྒྱས་བསྡུས། ཞི་ཅིན་ཕིང་གིས་ཧུང་སིན་གྱིས་འགྲོ་རོགས་འོད་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད། ཞི་ཅིན་ཕིང་གིས་སྐྱེལ་མ་བྱེད་པར་ཡོང་བའི་མི་ཚོགས་ལ་ལག་པ་གཡུག་ནས་དད་གུས་ཞུས།
གནམ་གྲུ་ཐང་ལ་ཕེབས་པའི་ལམ་བར་དུ། ཁམ་ཕུ་ཁྲེ་ཡི་མང་ཚོགས་ཁྲི་ལྷག་དང་ཁམ་ཕུ་ཁྲེའི་ཀྲུང་དངུལ་ཁེ་ལས་ཀྱི་མི་སྣ། ཕྱི་འགྲིམ་སློབ་མ་དང་ཕྱིར་སྡོད་རང་མི་བཅས་གཞུང་ལམ་གྱི་འགྲམ་གཉིས་སུ་འཛོམས་ནས། ཁམ་ཕུ་ཁྲེ་དང་ཀྲུང་གོའི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། ལག་ཏུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་བརྩེ་ཡུན་རིང་བརྟན་པར་ཤོག་ཅེས་པའི་སྦྱར་ཡིག་དམར་པོ་བཟུང་ནས། ཞི་ཅིན་ཕིང་གི་ཐེངས་འདིའི་ཁམ་ཕུ་ཁྲེའི་རྒྱལ་དོན་འཚམས་འདྲི་ཡོངས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།
ཉིན་དེའི་སྔ་དྲོར། ཧུང་སིན་གྱིས་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་ཧུང་མ་ཉི། ཧུང་མ་ནི་བཅས་ཁྲིད་དེ་ཞི་ཅིན་ཕིང་བཞུགས་སའི་མགྲོན་ཁང་དུ་སོང་ནས། ཞི་ཅིན་ཕིང་དང་ཞལ་གྱེས་གསུང་གླེང་བྱས།