ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧཱ་མོ་ཉི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཅིན་པེན་གྱི་རྒྱལ་བོའི་ཕོ་བྲང་ནས་མཇལ་འཕྲད་གནང་།
ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧཱ་མོ་ཉི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་པེན་གྱི་རྒྱལ་བོའི་ཕོ་བྲང་ནས་མཇལ་འཕྲད་གནང་།
ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧཱ་མོ་ཉི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་པེན་གྱི་རྒྱལ་པོའི་ཕོ་བྲང་ནས་མཇལ་འཕྲད་གནང་།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཅིན་པེན་ཕོ་བྲང་དུ་འབྱོར་དུས། ཞི་ཧཱ་མོ་ཉི་ཡིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས་པ་དང་། གུས་དམག་དག་གདན་དམར་པོའི་གཞོགས་གཉིས་སུ་ཀྲོང་ངེར་ལངས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་པོ་ཞི་ཧཱ་མོ་ཉི་ཁྲིར་བཞུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་དང་ཁམ་ཕུ་ཁྲེ་ཡི་ལོ་སར་སྐབས་སུ་གདན་ཞུ་ལྟར་མཛེས་སྡུག་ལྡན་པའི་ཁམ་ཕུ་ཁྲེ་རུ་འཚམས་འདྲི་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། ཁམ་ཕུ་ཁྲེ་ཡི་མི་དམངས་ལ་ལོ་སར་གྱི་སྨོན་འདུན་ཞུས་པ་ཡིན། ཁམ་ཕུ་ཁྲེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ཉིན་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་པོ་ཞི་ཧཱ་མོ་ཉི་ཡིས་སྐྱབས་འོག་ཏུ། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་ཁམ་ཕུ་ཁྲེའི་མི་དམངས་ཀྱིས་རྒྱལ་ཁབ་སྔར་ལས་སྟོབས་ལྡན་འབྱོར་ཕྱུག་ཏུ་འཛུགས་སྐྲུན་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་བརྩེ་དེ་ལོ་ངོ་སྟོང་ཕྲག་བརྒལ་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ནམ་ཡང་ཕན་ཚུན་ཡིད་རྟོན་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱིས་དམ་བཅའ་བརྟན་སྲུང་དང་ཕན་ཚུན་རོགས་རེས་བྱས་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་སྟེང་དུ་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཆེ་ཆུང་བར་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་བློ་དཀར་ཡིད་རྟོན་དང་གཉིས་ཕན་མཉམ་རྒྱལ་བྱེད་པའི་མིག་དཔེ་བཙུགས། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ནམ་ཡང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་གྲལ་དུ་བསྐྱོད་པ་དང་། ཁམ་ཕུ་ཁྲེ་ཡི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྐྲུན་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁམ་ཕུ་ཁྲེའི་གོང་མ་ཚང་བར་གྱི་མཛའ་བརྩེར་བརྩི་མཐོང་གཅེས་སྐྱོང་བྱེད་པ་དང་། ལོ་ངོ་མང་པོའི་རིང་ལ་ཁམ་ཕུ་ཁྲེའི་གོང་མ་ཚང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་བྱ་གཞག་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད། གནས་བབ་གསར་བའི་འོག་ཏུ། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱིས་ཀྲུང་གོའི་མགོ་ཁྲིད་རྒན་རབས་པ་དང་ཁམ་ཕུ་ཁྲེའི་རྒྱལ་པོའི་ཡབ་ཆེན་ཞི་ཧཱ་ནུའུ་ཁི་ཡིས་མཉམ་དུ་བསྐྲུན་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་བརྩེ་བརྟན་པོར་གཅེས་སྤྲས་དང་རྒྱུན་འཛིན་བྱེད་དགོས་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པར་དུས་རབས་གསར་བའི་ནང་དོན་གསར་བ་སྣོན་དགོས་ལ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ཐད་ཞབས་འདེགས་བཟང་བོ་ཞུས་ནས། མཐའ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཀྲུང་གོས་ཁམ་ཕུ་ཁྲེ་ཡིས་གཏན་འཇགས་སྲུང་འཛིན་དང་མགྱོགས་མྱུར་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁམ་ཕུ་ཁྲེ་སོགས་མཐའ་འཁོར་རྒྱལ་ཁབ་ལ་གོ་སྐབས་སྔར་ལས་མང་པོ་བསྐྲུན་པར་ཡིད་ཆེས་ཡོད་ལ། དུས་རབས་གསར་བའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ནས་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་འབྲི་ཐུབ་པར་ཡིད་ཆེས་ཡོད།
ཞི་ཧཱ་མོ་ཉི་ཡིས་ཁམ་ཕུ་ཁྲེའི་གོང་མ་ཚང་དང་གྲོས་ཁང་། སྲིད་གཞུང་དང་མི་དམངས་ཡོངས་ཀྱི་ཚབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཞི་ཧཱ་མོ་ཉི་ཡིས་བསྟན་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་པས་དངོས་སུ་བསྐྲུན་པ་དང་སྐྱེད་སྲིང་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་འཐབ་འོག ཁྱབ་ཁོངས་སོ་སོའི་མཉམ་ལས་ཉིན་རེ་བཞིན་དམ་ཟབ་ཏུ་གྱུར་བ་དང་། ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་ལ། དེའི་ཐད་ནས་ཟླ་རེར་ཡར་ཐོན་བྱུང་བ་དང་ལོ་རེར་གྲུབ་འབྲས་བླངས་ཡོད་ཅེས་བཤད་ཆོག ཁམ་ཕུ་ཁྲེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ཀྱིས་ཁམ་ཕུ་ཁྲེ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ནི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་བརྟན་པོ་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་དང་ཐོན་ནུས། ཞིང་ལས། ནུས་ཁུངས། བདེ་འཇགས་དང་མི་གཞུང་བཅས་ཁྱབ་ཁོངས་ཆེན་པོ་དྲུག་ཐད་ཀྱི་མཉམ་ལས་སྒྲོམ་གཞི་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ། ཁམ་ཕུ་ཁྲེ་ཡིས་ཀྲུང་གོའི་བར་གྱི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་དང་། རྫ་ཆུ་དང་མེ་གུང་གཙང་བོའི་མཉམ་ལས་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ས་ཁུལ་ཞི་བདེ་གཏན་འཇགས་དང་དར་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧཱ་མོ་ཉི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་པེན་གྱི་རྒྱལ་པོའི་ཕོ་བྲང་ནས་མཇལ་འཕྲད་གནང་། པར་འདི་ནི་ཞི་ཧཱ་མོ་ཉི་ཡིས་ཞི་ཅིན་ཕིང་ལ་ཁམ་ཕུ་ཁྲེའི་རྒྱལ་པོའི་རྒྱལ་ཁབ་ཀྱི་མི་རིགས་རང་བཙན་གྱི་སྐེ་རྒྱན་ཆེན་པོ་རིམ་པའི་གཟེངས་རྟགས་གནང་བའི་ཚུལ་རེད།
ཞི་ཧཱ་མོ་ཉི་ཡིས་ཞི་ཅིན་ཕིང་ལ་ཁམ་ཕུ་ཁྲེའི་རྒྱལ་པོའི་རྒྱལ་ཁབ་ཀྱི་མི་རིགས་རང་བཙན་གྱི་སྐེ་རྒྱན་ཆེན་པོ་རིམ་པའི་གཟེངས་རྟགས་གནང་།
ཞི་ཧཱ་མོ་ཉི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་ལ་དམིགས་བསལ་གྱི་བརྩེ་བ་བཅངས་ཡོད་པ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བྱས་རྗེས་ཕུལ་དུ་བྱུང་བ་བཞག་ཡོད་ལ། ཁོང་ནི་ཁམ་ཕུ་ཁྲེ་ཡི་རླབས་ཆེན་གྱི་གྲོགས་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་གལ་ཆེན་འདོན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། གཟེངས་རྟགས་དེས་ཁམ་ཕུ་ཁྲེ་ཡིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ཐུབ་ལ། ཁམ་ཕུ་ཁྲེ་ཡི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཐུབ། མཚན་སྙན་དེ་ང་རང་ཉིད་ལ་གཏོགས་པ་མ་ཟད། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡིས་མཛའ་བརྩེའི་ཐད་འབད་འཐབ་བྱས་པའི་མཛའ་མཐུན་མི་སྣ་ཡོངས་ལ་ཡང་གཏོགས།
ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧཱ་མོ་ཉི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་པེན་གྱི་རྒྱལ་པོའི་ཕོ་བྲང་ནས་མཇལ་འཕྲད་གནང་། པར་འདི་ནི་མཇལ་འཕྲད་ཀྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་དབུ་གཙོ་ཅིན་པེན་རྒྱལ་པོའི་ཕོ་བྲང་ནས་ཕྱིར་བསྐྱོད་པའི་ཚུལ་རེད།
ཉིན་དེའི་དགོང་མོར། ཞི་ཧཱ་མོ་ཉི་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།