མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

  2025-04-20 23:10:51 

ཟླ4པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྔོན་དཔག་བརྟན་འཇགས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གཅིག་འདོམས་བཀོད་གཏོང་ལ་ཤུགས་བསྣན་ནས། ནུས་ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་བཟང་པོས་དངུལ་གཏོང་རྒྱ་བསྐྱེད་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་བཟང་འཕེལ་འབྱུང་བར་སྐུལ་འདེད་གཏང་དགོས།

ལྗང་གློག་ཐད་འདོན་རིག་རྩིས་ལྟེ་གནས་དང་ཀྲུང་གོ་ལེན་ཐུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལྗང་གློག་རིག་རྩིས་མཉམ་བསྲེས་དཔེ་སྟོན་གླིང་དུ། ཝུའུ་ཞའོ་ཅུན་གྱིས་ལས་གཞིའི་དངུལ་གཏོང་འཆར་གཞི་དང་འཛུགས་སྐྲུན་བྱེད་ཚད། སྔོན་དཔག་དམིགས་འབེན་བཅས་ལ་རྒྱུས་ལོན་གསལ་པོ་བྱས་པར་མ་ཟད། འཕྲུལ་འཁོར་ཁང་དུ་སོང་ནས་འཁོར་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རང་ཞིང་གི་ལྗང་མདོག་རྩིས་གློག་མཉམ་ལས་ཚོད་ལྟའི་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་བསྲེས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། སྤྱོད་གོ་ཆོད་པའི་སྔོན་ཐོན་ཉམས་མྱོང་སྤྱི་སྡོམ་བྱེད་པ། ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གཞི་གསར་སྐྲུན་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཀྱི་ནུས་ཁུངས་ཕུན་སུམ་ཚོགས་པ་དང་གློག་རིན་ཧ་ཅང་དམའ་བ། ལྗང་གློག་རྨད་དུ་བྱུང་བ། ནམ་ཟླ་ཧ་ཅང་བཟང་བ། ནུས་ཟད་ཧ་ཅང་ཉུང་བ། ཐོབ་ཆ་ཧ་ཅང་མཐོ་བའི་ཁྱད་ལྡན་དགེ་མཚན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་འགྱུར་བར་བྱ་དགོས།

རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིའི་ཟི་ལིང་ཡན་ལག་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱི་དངུལ་གཏོང་རྒྱ་སྐྱེད་དང་ཐོན་སྐྱེད་དང་ཉོ་འཚོང་ཕྱིར་གཏོང་གི་གནས་ཚུལ་ལ་ཉན་པ་དང་། ཡུལ་དངོས་ནསIBCགློག་གཡིས་བཟོ་སྐྲུན་འཁོར་ཁང་ལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་། ལག་རྩལ་གསར་གཏོད་དང་ཐོན་རྫས་གསར་གཏོད། དོ་དམ་གསར་གཏོད། ཚོང་ར་རྒྱ་སྐྱེད། ལས་ཞུགས་བརྟན་འཇགས་བཅས་ལ་ཤུགས་སྣོན་པ། འགྲན་ལམ་གསར་བ་རྒྱུན་མ་ཆད་པར་ཆེར་བསྐྱེད་པ་དང་སྒུལ་ནུས་གསར་བ་བསྐྲུན་པ། དགེ་མཚན་གསར་བ་གྲུབ་པར་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་དེ། དག་གཙང་ནུས་ཁུངས་ཀྱི་དགེ་མཚན་དེ་སྔར་ལས་ཆེ་བའི་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནམ་ཡང་རྒྱ་ཆེའི་ཁེ་ལས་དང་མཉམ་དུ་ཕྱོགས་གཅིག་ལ་བསམ་གཞིགས་གཏོང་བ་དང་ཕྱོགས་གཅིག་ལ་ཤུགས་འདོན་པ། སྲིད་ཇུས་དང་ཞབས་ཞུའི་བྱ་བ་བཟང་པོར་བསྒྲུབ་པ། བློ་གཅིག་སེམས་གཅིག་གིས་ཁེ་ལས་ཀྱི་དཀའ་ཁག་སེལ་ནས། སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱིས་ཚོང་རའི་ཁོར་ཡུག་ལ་ཁ་གཏད་འཇལ་བའི་ཐད་ཆ་རྐྱེན་བཟང་པོ་བསྐྲུན་པ་དང་། ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།

ནན་ཀོན་སྲང་ལམ་འོག་མ་རུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་སྲང་ལམ་མཐོར་འདེགས་སྒྱུར་བཀོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཚོང་ཁང་དུ་སོང་ནས་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས། ཝུའུ་ཞའོ་ཅུན་གྱིས་ད་དུང་ས་གཞན་ནས་ཡོང་བའི་གནས་སྐོར་བར་མཛའ་བརྩེའི་གླེང་མོལ་བྱས་ནས། ཁོ་ཚོ་བརྒྱུད་ནས་མཚོ་སྔོན་གྱི་གནས་སྐོར་མྱོང་ཚོར་ཐད་རྒྱུས་ལོན་གསལ་པོ་བྱས། བེད་མེད་དུ་བསྐྱུར་བའི་བཟོ་གྲྭ་ལས་སྒྱུར་བཀོད་བྱས་པའི་རིག་རྩོམ་གླིང་ཁུལ་ཏེ་ཝུན་ཞིན་འཕྲུལ་ཆས་ཕུགས་འདུན་བཟོ་སྐྲུན་བཟོ་གྲྭ་རུ། ཝུའུ་ཞའོ་ཅུན་གྱིས་བཟོ་ལས་ཀྱི་འཕྲོས་ལུས་སྒྱུར་བཀོད་བེད་སྤྱོད་དང་བེད་མེད་དུ་བསྐྱུར་བའི་རྒྱུ་ནོར་བཀོལ་སྤྱོད་སྒྱུར་བཀོད་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། རིག་སྐྲུན་གླིང་ཁུལ་གྱིས་སྲང་ལམ་རྙིང་བ་དང་བཟོ་གྲྭ་རྙིང་བའི་གསོན་ཤུགས་མངོན་པར་བྱས་པ་དང་། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པར་ཁས་ལེན་གང་ལེགས་བྱས་པ་དང་། ཁེ་ལས་ཀྱིས་ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས་བཅས་ཐོན་ལས་མཉམ་བསྲེས་ངང་འཕེལ་རྒྱས་གཏོང་བའི་ཕྱོགས་ལ་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། འཛད་སྤྱོད་ལས་རྣམ་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། སྤུས་ལེགས་ཐོན་ཁུངས་དང་སྒྱུ་རྩལ་ལས་ཁུངས་སྔར་ལས་མང་པོ་སྡུད་རུབ་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྱད་ལྡན་ཚོང་ལས་ཀྱི་རིག་གནས་བྱ་འགུལ་སྤེལ་བ། འཛད་སྤྱོད་འདོད་བློ་ཇེ་དྲག་ཏུ་གཏོང་བ་དང་འཛད་སྤྱོད་སྦས་ཤུགས་ཆེར་བསྐྱེད་དེ། ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་སྣོན་རྒྱུའི་སྐུལ་མ་བཏང་།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།