ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས14ཉིན་ནས་ཚེས17ཉིན་བར་ཧུའུ་ནན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གཏན་ཕབ་གཉིས་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་པོར་སྒྲུབ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པའི་ལོའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། གཞི་གཅིག་ཏུ་རུལ་སུངས་བྱེད་མི་ཕོད་པ་དང་བྱེད་མི་ཆོག་པ། བྱེད་མི་འདོད་པའི་བྱ་བ་སྤེལ་ཤུགས་ཇེ་ཆེར་གཏོང་བ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་རེ་རེ་བཞིན་ལག་བསྟར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།
ལིས་ཞི་ཞང་ཐན་གྲོང་ཁྱེར་ཀྲའོ་ཧྲན་གྲོང་རྡལ་ཆི་ཞིན་སྡེ་བ་དང་ཡུའེ་དབྱང་གྲོང་ཁྱེར་ཚའེ་སང་མཚེའུ་ཆུ་ཐོན་གསོ་སྤེལ་རྟེན་གཞི་རུ་ཕེབས་ནས། ལས་བྱེད་མང་ཚོགས་དང་བརྗེ་རེས་ཟབ་མོ་བྱས་པ་དང་། སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་གྲོས་གཞི་བསམ་འཆར་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཙིགས་སུ་འཛིན་པ་དང་། ལྷག་པར་དུ་བྱེ་བྲག་དང་འབུར་ཐོན་གྱི་གནད་དོན་བཅོས་སྐྱོང་ཟབ་མོ་བྱེད་རྒྱུ་དམ་འཛིན་བྱས་ནས། མང་ཚོགས་ཀྱིས་ཏང་སྲོལ་སྲིད་སྲོལ་དང་གཞི་རིམ་ཆབ་སྲིད་སྐྱེ་ཁམས་ཀྱི་འགྱུར་ལྡོག་དངོས་སུ་མྱོང་ཐུབ་པར་བྱ་དགོས། ཀྲུང་ནན་སློབ་ཆེན་གྱི་རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོ་དང་ཀྲུང་གོའི་ལྕགས་ལམ་ལྕི་བཟོ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི། ཧུའུ་ནན་རྡོ་སྣུམ་རྗས་འགྱུར་བཟོ་ལས་ཀུང་ཟི་བཅས་སུ། ལིས་ཞི་ཡིས་རྒྱལ་དོན་གལ་ཆེན་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཤུགས་བསྣན་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བར་རོགས་ཤུགས་འདོན་དགོས་པའི་རེ་བ་བཏོན། ཁྲིན་ལིན་ཅི་ཆུ་དཔྱད་ས་ཚིགས་དང་ཧྭ་ལུང་གྲུ་ཁ་རུ། ལིས་ཞི་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་ཏེ། འབྲི་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཏོན། ལིས་ཞི་ད་དུང་ཧྲའོ་ཧྲན་ཁྲུང་མངག་གཏོང་ཁང་ལ་ཕེབས་ནས། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། འགལ་རྩོད་མགོ་ཁུངས་ནས་མེད་པར་བཟོ་བ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་བཏང་ནས། སྤྱི་ཚོགས་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་རེ་བ་བཏོན།
རྟོག་ཞིབ་བྱེད་སྐབས། ལིས་ཞི་ཡིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དྲང་འཛིན་དངོས་སྒྲུབ་དང་དཀའ་ངལ་ཁྱད་སེལ་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་བཟང་པོ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲང་སྒྲིག་གཅུན་བྱེད་པ། སྐོར་ཞིབ་ཀྱི་རལ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། བསྐྱོད་ལམ་གསར་བའི་སྒྲིག་ཁྲིམས་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས། གཞི་གཅིག་ཏུ་རུལ་སུངས་མི་བྱེད་པ་གསུམ་གྱི་མཛུབ་སྟོན་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཉམས་མྱོང་སྤྱི་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། མི་འདང་སར་ཞིབ་འཇུག་ཟབ་མོ་བྱེད་པ། རྒྱུན་མཐུད་ངང་བྱེད་ཐབས་འཚོལ་བ་དང་རྒྱུན་མ་ཆད་པར་བྱ་བར་ལེགས་བསྒྱུར་བྱས་ཏེ། མགོ་ཁུངས་ནས་རུལ་སུངས་ལ་འགོག་བཅོས་ནུས་ལྡན་བྱ་དགོས། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོ། སྤྱོད་ཚུལ་སྔར་ལས་བཟང་བོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་། སློབ་བཤེར་བསྒྱུར་གསུམ་གཞི་གཅིག་ཏུ་སྤེལ་བའི་ཐད་ནས་ཡང་བསྐྱར་ཟབ་སྒྱུར་བྱེད་པ་དང་། ཏང་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་འགན་སྲུང་བྱེད་པའི་ཐད་ནས་ཡང་བསྐྱར་ཟབ་བསྒྱུར་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཡང་བསྐྱར་ཟབ་བསྒྱུར་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏང་དགོས། རང་ངོས་གསར་བརྗེའི་དགོངས་པ་དར་སྤེལ་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པའི་ལོའི་འགུལ་སྐྱོད་དང་སློབ་སྦྱོང་སློབ་གསོ་གཉིས་ཟུང་འབྲེལ་བཟང་པོ་བྱེད་པ་དང་ཕན་ཚུན་སྐུལ་འདེད་གཏོང་བར་ཡར་སྐུལ་བྱས་ནས། ཆབ་སྲིད་བཟང་བ་དང་ནུས་པ་བཟང་བ། སྤྱོད་ཚུལ་བཟང་བ། སྲིད་གཙང་ཡིན་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་གསར་སྐྲུན་བྱ་དགོས།