མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མགོ་ལོག་རྨ་ཆེན་རྫོང་གིས་རྣམ་གྲངས་གལ་ཆེན70གཅིག་བསྡུས་སྒོས་ལས་མགོ་བརྩམས།

449  2025-04-17 16:03:47 

ཟླ4པའི་ཚེས15ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས2025ལོའི་རྣམ་གྲངས་གལ་ཆེན་ལས་མགོ་རྩོམ་པའི་མཛད་སྒོ་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོ་རུ་སྤེལ། ཐེངས་འདིར་གཅིག་བསྡུས་སྒོས་མགོ་བརྩམས་པའི་རྣམ་གྲངས་གལ་ཆེན70ནང་སྐྱེ་ཁམས་སླར་གསོ་དང་། སྡོད་ཁང་འགན་སྲུང་། དག་གཙང་དྲོད་འདོན། ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།  མ་དངུལ་གཏོང་ཚད་སྒོར་ཐེར་འབུམ1དང་དུང་ཕྱུར2ས་ཡ2བཏང་བ་དང་། དེའི་ནང་། དམངས་འཚོའི་རིགས་ཀྱི་རྣམ་གྲངས་གྲངས་ཀའི་སྡུར་ཚད་བརྒྱ་ཆའི70བརྒལ་ཡོད།

རྒྱུས་ལོན་པ་ལྟར་ན། རྨ་ཆེན་རྫོང་གི་དུས་ཚིགས་དང་པོའི་གཏན་འཇགས་རྒྱུ་ནོར་མ་དངུལ་བཏང་ཚད་སྒོར་དུང་ཕྱུར2བྱེ་བ8ས་ཡ8ཡོངས་འགྲུབ་བྱས། ད་ལོའི་ཚུན་ལ། རྨ་ཆེན་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་ཐིག་ཏུ་དམ་པོར་བཟུང་ནས། སྡེ་ཁག་མང་པོའི་མཉམ་འགུལ་ལམ་སྲོལ་བཙུགས་ནས་རྣམ་གྲངས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། རྣམ་གྲངས་ལ་ཞིབ་བཤེར་མཆོག་མཆན་འགོད་པ། ལྟ་སྐུལ་དོ་དམ་ཀྱི་རྣམ་པ་བསྐྲུན་ནས་བྱ་བར་མཉམ་ཤུགས་ཆགས་པར་བྱས། མིག་སྔར་མཐོ་སྒང་གི་བཟོ་སྐྲུན་ལག་བསྟར་བྱེད་པའི་ཆེས་བཟང་བོའི་དུས་ཚུགས་ཡིན་ལ། རྣམ་གྲངས་ལས་ཁུངས་སོ་སོས་ལས་ཡུན་དམ་འཛིན་བྱེད་བཞིན་ཡོད་ལ། ནུས་ཤུགས་ཡོད་རྒུས་བཟོ་སྐྲུན་འཛུགས་སྐྲུན་གྱི་མྱུར་ཚད་ལ་སྐུལ་འདེད་གཏོང་བཞིན་ཡོད།  ཐེངས་འདིའི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པའི་རྣམ་གྲངས་གལ་ཆེན70ལ་ཞན་ཆ་ཁ་གསབ་བྱེད་དགོས་པའི་རྨང་གཞིའི་སྒྲིག་ཆས་ཀྱི་བཟོ་སྐྲུན་ཡོད་པ་དང་། དམངས་འཚོར་ཕན་པའི་འགན་སྲུང་རིགས་ཀྱི་རྣམ་གྲངས་ཀྱང་འདུས་ཡོད། དེས་རྨ་ཆེན་རྫོང་གི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ཤུགས་ཆེན་པོ་བསྩལ་ཡོད།

རྨ་ཆེན་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྣམ་གྲངས་འདི་དག་ལག་བསྟར་བྱས་ན། ཐད་ཀར་དཔལ་འབྱོར་འཕར་སྣོན་བྱེད་ཐུབ་ལ། རྨ་ཆེན་རྫོང་ལ་ལས་ཞུགས་དང་ལས་གནས་ཡང་མང་པོ་གསར་གཏོད་བྱེད་ཐུབ་པ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་ཏན་ཏིག་གཏོང་ཐུབ་པས། ཁོ་ཚོས་ཐེངས་འདིའི་རྣམ་གྲངས་མགོ་བརྩམས་པ་གོ་སྐབས་སུ་བཟུང་ནས། རྒྱུན་མཐུད་ངང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་། སྡེ་ཁག་མང་པོས་རྣམ་གྲངས་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱས་ཏེ། རྣམ་གྲངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སངས་བཀྲ།