དུར་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད7411ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེའི་ནང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡིན་པའི་དཔེ་མཚོན་གྱོད་དཔེ་ཁག་ཅིག་དམར་འདོན་བྱས་ཡོད་ཅིང་། རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་བསླབ་བྱ་ཞིག་ཏུ་བརྩིས་ནས་རང་རྟོགས་ངང་འགྲིམ་འགྲུལ་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ། ལག་གདང་སྦྲེལ་ནས་དཔལ་ཡོན་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་བགྲོད་ལམ་དང་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་པའི་རེ་བ་ཡོད།
གྱོད་དཔེ་བདུན་པ་དང་བརྒྱད་པ།
ཟླ4པའི་ཚེས6ཉིན་གྱི་ཆུ་ཚོད15དང་སྐར་མ30ཡས་མས་སུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་རུ་ཆེན་བཞི་པའི་ལས་འགན་ཉེན་རྟོག་པས་ཚྭ་འདམ་ལམ་ནས་ངལ་དུབ་གྱིས་རླངས་འཁོར་བསྐོར་བའི་ཁ་ལོ་བ་གཉིས་རྩད་ཆོད་པ་རེད།