མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཚའེ་ཆི་ཡིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་ཅིན་ཞིའུ་དང་གྲོས་མོལ་བྱས།

  2025-04-16 10:01:05 

1-0.jpg

ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཧོ་ནེ་རུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་ཅིན་ཞིའུ་དང་གྲོས་མོལ་བྱས།

ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཧོ་ནེ་རུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་ཅིན་ཞིའུ་དང་གྲོས་མོལ་བྱས།

ཚའེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོར་ཐོག་དང་པོར་ཕྱི་ཕྱོགས་སུ་འཚམས་འདྲིར་ཕེབས་ནས་ཡོ་ནན་ལ་འཚམས་འདྲི་བྱས་པ་དང་། དེས་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དམིགས་བསལ་གྱིས་མཐོང་ཆེན་བྱས་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་ལ་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བ་དང་། ཆུ་ཚད་སྔར་ལས་མཐོ་བ་དང་རིམ་པ་སྔར་ལས་ཟབ་པའི་འཕེལ་རྒྱས་ལ་ཕྱོགས་ནས་འཐབ་ཇུས་ཀྱི་འཆར་གཞི་བཀོད། ཐེངས་འདིའི་འཚམས་འདྲིར་བརྟེན་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་འགྲོ་བར་སྣང་ཚུལ་གསར་བ་འབྱུང་ངེས་ལ། ས་ཁུལ་དང་འཛམ་གླིང་བརྟན་བརླིང་གོང་འཕེལ་འགྲོ་བར་དྲང་ནུས་སྣོན་སྲིད།

ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ནས་ཐེངས་འདིའི་འཚམས་འདྲིའི་སྐབས་ཀྱི་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དེ་ཆུ་ཚད་སྔར་ལས་མཐོ་བ་དང་སྤུས་ཚད་སྔར་ལས་མཐོ་བ། ཚད་གཞི་སྔར་ལས་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཏང་བར་གྱི་ཐབས་ལམ་དང་དམིགས་བསལ་བྱེད་ནུས་མུ་མཐུད་དུ་འདོན་སྤེལ་ལེགས་པོ་བྱེད་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་དཔེ་ལྟོས་ཟབ་མོ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ཡིད་རྟོན་མངོན་འགྱུར་བྱེད་དགོས། ཕྱོགས་ཡོངས་ནས་བདེ་འཇགས་མཉམ་ལས་ཟབ་སྤེལ་བྱས་ནས། འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱེད་པ་དང་། མཉམ་དུ་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། རིམ་པ་མང་པོའི་སྒོ་ནས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་སྟེ། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་པོའི་ཉོ་ཚོང་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱས་ནས། ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་མཉམ་ལས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་བསྐྲུན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་ནན་གྱི་བརྗེ་རེས་ལོ་དེ་གོ་སྐབས་སུ་བརྩིས་ནས། ཡོ་ནན་ཕྱོགས་དང་མཉམ་དུ་མི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་དམངས་ཚིས་ལ་ཕན་པའི་ལས་གཞི་སྔར་ལས་མང་པོ་འཚོལ་ཞིབ་བྱས་ཏེ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་དམ་དུ་གཏོང་འདོད་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་བས། ཀྲུང་གོ་དང་ཡོ་ནན་གྱིས་ཕྱོགས་གཉིས་དང་ཕྱོགས་མང་པོའི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་ཁ་བྲལ་ཏུ་འགྲོ་བར་ཁ་གཏད་འཇལ་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱས་ཏེ། གོ་ལ་ཧྲིལ་བོའི་གྲོས་མགོ་ཆེན་མོ་གསུམ་ཧུར་ཐག་གིས་དོན་འཁྱོལ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཁྲིན་ཅིན་ཞིའུ་ཡིས་བསྟན་དོན། ཀྲུང་གོ་དང་མཉམ་དུ་དུས་ཡུན་རིང་བོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། ཆབ་སྲིད་ཀྱི་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་བཅས་ནི་ཡོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་དོན་དངོས་བླང་བྱ་དང་འཐབ་ཇུས་གདམ་ག ཆེས་དམིགས་བསལ་གྱི་དོན་དག་བཅས་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱས་ནས། ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་དགོས། ཏང་སྐྱོང་རྒྱལ་སྐྱོང་གི་གཞུང་ལུགས་དང་ལག་ལེན་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟོས་བྱེད་པར་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཡོ་ནན་དང་ཀྲུང་གོའི་མཛའ་བརྩེའི་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད།

ཝང་དབྱི་གྲོས་མོལ་ལ་ཞུགས།


རྩོམ་སྒྲིག་པ། མདོ་སྡེ་རྒྱལ།