མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

2025ལོའི་ལོ་འཁོར་གྱི་ན་གཞོན་མར་ཁེ་སི་རིང་ལུགས་པའི་གསོ་སྐྱོང་བཟོ་སྐྲུན་གྱི་རྒྱལ་ཡོངས་འཛིན་གྲྭར་ཆེད་དོན་འཛིན་གྲྭ2ཁ་སྣོན་བྱས།

  2025-04-14 11:32:58 

ཉེ་ལམ། གསར་འགོད་པས་ཅང་མ་འགོར་བའི་སྔོན་ལ་འཚོགས་པའི། 2025ལོའི་ལོ་འཁོར་གྱི་ན་གཞོན་མར་ཁེ་སི་རིང་ལུགས་པའི་གསོ་སྐྱོང་བཟོ་སྐྲུན་གྱི་རྒྱལ་ཡོངས་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ“ན་གཞོན་མར་ཁེ་སི་རིང་ལུགས་པའི་གསོ་སྐྱོང་བཟོ་སྐྲུན”གྱི་རྒྱལ་ཡོངས་འཛིན་གྲྭར་བསམ་བློ་ཆབ་སྲིད་སློབ་ཚན་དགེ་རྒན་གྱི་ཆེད་གཉེར་འཛིན་གྲྭ་དང་། ན་གཞོན་འཕེལ་རྒྱས་འཆར་འགོད་ཀྱི་ཆེད་གཉེར་འཛིན་གྲྭ་གཉིས་གསར་དུ་ཁ་སྣོན་བྱས་ཏེ། ཁྱོན་བསྡོམས་རྒྱུན་ལྡན་གྱི་འཛིན་གྲྭ8དང་ཆེད་གཉེར་འཛིན་གྲྭ5བཙུགས་ནས སློབ་མ550ལྷག་གསོ་སྐྱོང་བྱེད་པའི་འཆར་གཞི་ཡོད།
མགོ་རྩོམ་མཛད་སྒོའི་སྟེང་དུ། གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་གུང་གཞོན་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུ། གུང་གཞོན་ཚོགས་པ་རྒྱལ་ཡོངས་ལྕགས་ལམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས“ན་གཞོན་མར་ཁེ་སི་རིང་ལུགས་པའི་གསོ་སྐྱོང་བཟོ་སྐྲུན”སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། སློབ་མ་གསར་རྙིང་གི་འཐུས་མིས་མྱོང་སྣང་གི་སྐོར་ནས་བསམ་བློ་བརྗེ་རེས་བྱས། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་ཏང་གི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡོད་པའི་རྩ་བའི་འཆར་གཞི་ཆེན་པོ་དེར་རྐང་ཚུགས་པར་བྱས་ནས། “ན་གཞོན་མར་ཁེ་སི་རིང་ལུགས་པའི་གསོ་སྐྱོང་བཟོ་སྐྲུན”མུ་མཐུད་ཟབ་སྤེལ་བཏང་སྟེ། མི་སྣ་གསོ་སྐྱོང་གི་ལས་ཀའི་རྨང་གཞི་རྒྱུན་ཆད་མེད་པར་གསལ་པོར་བཟོ་དགོས་པ་དང་། མི་སྣ་གསོ་སྐྱོང་གི་ལས་ཀའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་བ། མི་སྣ་གསོ་སྐྱོང་གི་ལས་ཀའི་ཁྱད་ཆོས་མངོན་གསལ་ཅན་དུ་གཏོང་བ། མི་སྣ་གསོ་སྐྱོང་གི་ལས་ཀའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། “ན་གཞོན་མར་ཁེ་སི་རིང་ལུགས་པའི་གསོ་སྐྱོང་བཟོ་སྐྲུན”ལག་བསྟར་བྱ་རྒྱུ་ནི་གུང་གཞོན་ཚོགས་པས་ཏང་ལ་ན་ཆུང་གདོང་ལེན་པ་གསོ་སྐྱོང་བྱེད་པའི་འཐབ་ཇུས་རང་བཞིན་དང་སྣེ་ཁྲིད་རང་བཞིན། མཚོན་རྟགས་རང་བཞིན་བཅས་ཀྱི་བཟོ་སྐྲུན་ཞིག་ཡིན་ལ། མིག་སྔར་བཟོ་སྐྲུན་དེས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་ལ་ཁྱབ་ཡོད་ཅིང་། བསྡོམས་རྩིས་བྱས་པ་ལྟར་ན་སློབ་མ་ས་ཡ་ལྔ་ལྷག་གསོ་སྐྱོང་བྱས་ཡོད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།