མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཅིག་དང་བྱེད་ཐབས་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་སྤེལ་མགོ་བརྩམས།

  2025-04-12 23:07:19 

ཟླ4པའི་ཚེས11ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་གྱི་བཟོ་ཚོགས་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཁྲིམས་བསྟར་ཞིབ་བཤེར་བྱ་བའི་ཇུས་གཞི་ཁྱབ་བསྒྲགས་བྱས།

ཁྲིམས་བསྟར་ཞིབ་བཤེར་རྗེས་སུ། ཞིབ་བཤེར་ཚན་ཆུང་ཟླ་བཞི་པའི་ཟླ་དཀྱིལ་དང་ཟླ་བདུན་པའི་ཟླ་སྨད་དུ་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཆར་སོང་ནས། སྙན་ཞུ་ལ་ཉན་པ་དང་ཡིག་ཆ་ཞིབ་ཀློག ཡུལ་དངོས་ལྟ་ཞིབ་སོགས་ཀྱི་རྣམ་པ་བརྒྱུད་དེ་ངལ་རྩོལ་པའི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་གཅིག་དང་བྱེད་ཐབས་གཅིག་གི་ལག་བསྟར་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པར་མ་ཟད། ལོ་ཧྲིལ་པོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་ལའང་ཟུང་འབྲེལ་བྱེད་པ་དང་། དུས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བཟོ་བཅོས་བྱེད་པའི་ཁྲིམས་འཛུགས་རྟོག་ཞིབ་དང་གསར་གཉིས་རྩ་འཛུགས་ཀྱི་འཚམས་འདྲི་རྟོག་ཞིབ་སྤེལ་རྒྱུ་ཡིན་ལ། ཞོན་ཧྭ་རྫོང་ནས་དུས་མཉམ་དུ་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ལོ་ཚོད་བབ་བསྟུན་བསྒྱུར་བཅོས་བྱེད་པའི་གཏན་ཁེལ་ལག་བསྟར་བྱེད་པའི་ཁྲིམས་འཛུགས་རྟོག་ཞིབ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཁྲིམས་བསྟར་ཞིབ་བཤེར་དེ་ཡུལ་དངོས་ཞིབ་བཤེར་དང་མངག་བཅོལ་རང་བཤེར་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་སྤེལ་བ་དང་། གཙོ་གནད་ཁྱབ་ཁོངས་དང་གནད་འགག་དུས་རིམ། ཉམས་ཞན་པའི་ཕྱོགས་འབུར་དུ་ཐོན་པར་བྱས་ལ། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་དམངས་ཆེན་གྱིས་ཁ་གཅིག་ལ་ཕྱོགས་པ་དང་། ཁོངས་གཏོགས་ས་ཆའི་སྡེ་ཁག་དང་རྩ་འཛུགས་ཀྱིས་དུས་མཉམ་དུ་སྤེལ་བའི་མཉམ་འབྲེལ་རྣམ་པའི་ཞིབ་བཤེར་སྤེལ་ནས། ཞིང་ཆེན་ཡོངས་སུ་ཁེབས་པར་བྱས།

ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས། ང་ཚོས་གཙོ་བོར་ཁེ་ལས་ཀྱི་བཟོ་ཚོགས་འཁོར་རྒྱུག་དང་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་བསྒྱུར། ལས་རྣམ་གསར་པའི་ལས་ཞུགས་མི་སྣ་དང་སྐབས་བསྟུན་ལས་ཞུགས་མི་སྣའི་ངལ་རྩོལ་ཁེ་དབང་འགན་སྲུང་། ངལ་རྩོལ་ཐད་ཀྱི་འགལ་རྩོད་ཐག་གཅོད། གསར་གཉིས་རྩ་འཛུགས་འཕེལ་རྒྱས་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། བཅའ་ཁྲིམས་ལག་བསྟར་ཁྲོད་གནས་པའི་འབུར་ཐོན་གནད་དོན་དང་གྲོས་གཞི་བསམ་འཆར་བསྡུ་ལེན་རྒྱ་ཆེར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།