མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ཝའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

  2025-04-05 21:25:08 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས2ཉིན་ལའོ་ཝའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས། ལའོ་ཝའོ་ཏང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟུར་པ་ཁཱན་ཏའེ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པ་དང་། བློ་མཐུན་ཁཱན་ཏའེ་ཡི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། གློག་འཕྲིན་བཏང་བའི་ནང་དོན་གཤམ་གསལ་ལྟར།

ལའོ་ཝའོ་ཏང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟུར་པ་བློ་མཐུན་ཁཱན་ཏའེ་གློ་བུར་དུ་འཇིག་རྟེན་འདི་དང་ཁ་གྱེས། ངས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱི་ཚབ་མཛད་པར་མ་ཟད་རང་གི་མཚན་ཐོག་ནས། ལའོ་ཝའོ་མི་དམངས་གསར་བརྗེའི་ཏང་དང་། ལའོ་ཝའོ་སྲིད་གཞུང་། ལའོ་ཝའོ་མི་དམངས་བཅས་ལ་བློ་མཐུན་ཁཱན་ཏའེ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུ་བ་དང་། བློ་མཐུན་ཁཱན་ཏའེ་ཡི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ།

བློ་མཐུན་ཁཱན་ཏའེ་གུང་ཁྲན་རིང་ལུགས་པ་ཞིག་ཡིན་ལ། ལའོ་ཝའོ་ཏང་དང་རྒྱལ་ཁབ་ཀྱི་རྒན་རབས་ཕུལ་བྱུང་མགོ་ཁྲིད་པ་ཞིག་ཡིན་པ་དང་། ཀྲུང་གོའི་ཏང་དང་མི་དམངས་ལ་མཛའ་བརྩེ་ཟབ་པའི་བློ་མཐུན་དང་གྲོགས་པོའང་ཡིན་པས། ལའོ་ཝའོ་ཡི་གསར་བརྗེའི་བྱ་བཞག་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་མི་ཚེ་ཧྲིལ་པོའི་ནུས་པ་བླ་ལྷག་བཏོན་པ་དང་། ཀྲུང་གོ་དང་ལའོ་ཝའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་བློ་མཐུན་ཁཱན་ཏའེ་ནམ་ཡང་བརྗེད་མི་སྲིད།

ཀྲུང་གོ་དང་ལའོ་ཝའོ་ནི་རི་རྒྱུད་གཅིག་པ་དང་ཆུ་རྒྱུན་གཅིག་པ་ལྟ་བུའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་། ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ་དང་སྤུན་ཟླ་བཟང་པོ་བཅས་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ལའོ་ཝའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་མཛའ་བརྩེ་དམ་པོ་དང་རྒྱུན་འཛིན་བྱེད་པར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད་ལ། ལའོ་ཝའོ་ཕྱོགས་དང་མཉམ་དུ་འབད་པ་བྱས་ཏེ། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བཞག་མུ་མཐུད་དུ་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཐུང་ལུན་གཙོ་བྱས་པའི་ལའོ་ཝའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ལའོ་ཝའོ་ཏང་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པའི་རྟེན་འབྲེལ་ཞུ།

བློ་མཐུན་ཁཱན་ཏའེ་ཡི་གཟི་བརྗིད་ནམ་ཡང་ཉམས་མི་སྲིད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།