མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཟླ2པར་གཏན་འབེབས་དགོངས་དོན་ལས་འགལ་བའི་གནད་དོན11459ཐག་གཅོད་བྱས།

  2025-03-31 15:41:01 

ཟླ3པའི་ཚེས29ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་ཀྱིས2025ལོའི་ཟླ2པའི་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།     ཟླ་དེར་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན11459ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི15209ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དང་། དེའི་ཁྲོད་མི9292ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། དེ་ནི་ཟླ་བ138བསྟུད་མར་ཟླ་རེའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ཞིག་རེད།

ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་རིགས་ནས་བལྟས་ན།    འགན་འཁྲི་སྒྲུབ་པ་དང་།    དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ།    འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་མི་འཁུར་བ་དང་།    བྱ་སྤྱོད་མི་སྤེལ་བ། བྱ་སྤྱོད་གང་བྱུང་དུ་སྤེལ་བ།    བྱ་སྤྱོད་རྫུན་མ་སྤེལ་བ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས་པ་བཅས་ཀྱི་ཐད་ནས་ཟླ2པར་གནད་དོན་ཁྱོན5235ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེས་ཟླ་དེར་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བསྡོམས་འབོར་གྱི88.7%ཟིན་ཡོད།     ཟླ2པར་ཞིབ་བཤེར་ཐག་གཅོད་བྱས་པའི་ཁྱད་ལྡན་ཐོན་རྫས་རྩ་ཆེན་དང་ལག་རྟགས་དང་འབུལ་རྟེན་བཅས་སྒྲིག་སྲོལ་དང་འགལ་ནས་བསྡུ་ལེན་བྱེད་པ་དང་།    སྒྲིག་སྲོལ་དང་འགལ་ནས་ཟ་འཐུང་བྱེད་པ། སྒྲིག་སྲོལ་དང་འགལ་ནས་ཁ་གསབ་དང་ཕན་བདེའི་དངུལ་སྤྲོད་པ་བཅས་གནད་དོན་རིགས་3གྱིས་ཁག་སོ་སོར་ཟླ་དེར་ཞིབ་བཤེར་ཐག་གཅོད་བྱས་པའི་སྐྱིད་འདོད་རིང་ལུགས་དང་། རྒྱས་སྤྲོས་གོམས་སྲོལ་གནད་དོན་གྱི53.4%དང་21.3%   12.4%ཟིན་ཡོད།  

ཞིབ་བཤེར་ཐག་གཅོད་ཀྱི་རིམ་པ་ནས་བལྟས་ན།  ཟླ2པར་རྒྱལ་ཡོངས་སུ་ས་གནས་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན64ཞིབ་བཤེར་ཐག་གཅོད་བྱས་པ་དང་།  རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན844ཞིབ་བཤེར་ཐག་གཅོད་བྱས་པ། ཤང་དང་ཁོའོ་རིམ་པ་དང་དེ་མན་ཆད་ཀྱི་ལས་བྱེད་པའི་གནད་དོན10551ཞིབ་བཤེར་ཐག་གཅོད་བྱས་ཡོད།  དེའི་ཁྲོད་ཤང་དང་ཁོའོ་རིམ་པ་དང་དེ་མན་ཆད་ཀྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི92.1%ཟིན་ཡོད། 

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།