མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་འབར་མ་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ཐད་ནས་འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  2025-03-30 22:43:48 

ཟླ3ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མ་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ཐད་ནས་འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། འབར་མ་ལ་ས་ཡོམ་གྱི་གནོད་འཚེ་དྲག་པོ་ཐེབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་སྐྱོན་ཕོག་མཁན། གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོ་དང་འབར་མ་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཧ་ཅང་གཏིང་ཟབ། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་ལ་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱེད་པ་དང་། གནོད་ཐེབས་ཁུལ་གྱི་མི་དམངས་སྔ་མོ་ནས་གནོད་འཚེ་ལས་ཐར་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འབར་མ་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ཐད་ནས་མེན་ཨང་ལའེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།