ཟླ3པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྒྲུབས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གྲོས་ཚོགས་ཀྱི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
ཚོགས་ཐོག་ནས་བསྟན་དོན། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་བའི་ཐད་དོན་སྙིང་གལ་ཆེན་ལྡན་པས། སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ཉམས་ལེན་ཐེངས་གཅིག་དང་བསམ་བློའི་བྱབས་ཁྲུས་ཐེངས་གཅིག སྤྱོད་ཚུལ་སྦྱོང་བརྡར་ཐེངས་གཅིག་ཏུ་བརྩིས་ནས། ནམ་ཡང་སྤོབས་པ་ཆེན་པོ་དང་སྤྱོད་ཚུལ་བཟང་པོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་འབད་འཐབ་དང་དངོས་སྒྲུབ་ལེགས་བརྩོན་བྱ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཟླ3པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ལས་ཁུངས་ཀྱི་ཏང་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་ཀྱིས་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་བའི་ཐད་ཐོག་མར་བཀོད་སྒྲིག་བྱས་པ་དང་། དེ་རིང་ཡང་བསྐྱར་སྐུལ་སློང་བཀོད་སྒྲིག་དང་སྐུལ་འདེད་ལག་བསྟར་བྱེད་རྒྱུ་ཡིན་ལ། ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། བསམ་བློའི་ངོས་ཟིན་གཅིག་གྱུར་བྱས་ནས། སློབ་སྦྱོང་སློབ་གསོའི་དམིགས་འབེན་ལག་བསྟར་བྱེད་པར་སྐུལ་འདེད་གཏང་དགོས། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཞིབ་བཤེར་ཡང་དག་བྱེད་པ། བཅོས་བསྒྱུར་དངོས་སུ་བྱེད་པ། ལས་སྒྲུབ་ཡར་བརྩོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་བརྟན་པོ་དང་ཏང་ལ་བློ་དཀར་བར་བྱེད་པ་དང་། འབེན་ཕྱོགས་གནས་གཏན་དང་གནད་དོན་ཡང་དག་འཚོལ་བ། སྤྱོད་ཚུལ་བསྒྱུར་བ་དང་འཇོན་ནུས་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤུས་འབྲས་མཐོར་འདེགས་གཏང་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་ལག་བསྟར་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བྱས་ནས། སློབ་སྦྱོང་སློབ་གསོའི་འགན་འཁྲི་དམིགས་སུ་འབྱོར་བ་དང་བྱ་བ་དམིགས་སུ་འབྱོར་བར་ཁག་ཐེག་བྱ་དགོས། གཅིག་གྱུར་བཀོད་འདོམས་དང་ཕྱོགས་ཡོངས་ལྟ་རྟོག་ལ་དོ་སྣང་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྣང་ཚུལ་བཟང་པོ་བསྐྲུན་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། སྤྱོད་ཚུལ་བཟང་པོས་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱ་དགོས།