མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཏེན་ཞུའེ་ཞང་གིས་སོ་སོར་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདོན་པ་དང་ཨུ་རུ་སིའི་ཙུང་ལི་གཞོན་པར་མཇལ་འཕྲད་གནང་།

  2025-03-30 00:01:27 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས27ཉིན་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་པར་ཕེབས་པའི་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདོན་པ་ཡིའུ་ནུའུ་སི་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་ཨའོ་ཝེ་ཨར་ཆིའུ་ཁི་ལ་སོ་སོར་མཇལ་འཕྲད་གནང་།

ཡིའུ་ནུའུ་སི་ལ་མཇལ་འཕྲད་གནང་སྐབས་ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡིན་ལ། ད་ལོ་ནི་ཀྲུང་གོ་དང་བྷང་ག་ལའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་བྷང་ག་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཡིའུ་ནུའུ་སི་ཡིས་བསྟན་དོན། བྷང་ག་ལ་དང་ཀྲུང་གོའི་མཛའ་བརྩེ་ལ་ལོ་རྒྱུས་རིང་ཞིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་ཀྱིན་ཡོད། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བརྩིས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཨའོ་ཝེ་ཨར་ཆིའུ་ཁི་ལ་མཇལ་འཕྲད་གནང་སྐབས་ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་བར་འབྲེལ་གཏུག་བརྗེ་རེས་ཐེངས་གཉིས་བྱས་ནས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་གཉིས་ཀྱིས་གཙོ་འཛིན་གྱི་ཕྱི་འབྲེལ་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་བྱེད་པ་དང་། འཐབ་ཇུས་མཉམ་ལས་དང་དངོས་གཉེར་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་ཞི་བདེ་བརྟན་བརླིང་ལ་ངེས་གཏན་རང་བཞིན་ཆེན་པོ་འདོན་སྤྲོད་བྱ་དགོས།

ཨའོ་ཝེ་ཨར་ཆིའུ་ཁི་ཡིས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་བྱས་ཏེ་ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།