མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

  2025-03-30 00:03:16 

2025032910513༠.jpg

ཟླ3པའི་ཚེས28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཟླ3པའི་ཚེས28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོ་ཚོས་ཧུར་ཐག་གིས་དུས་ཡུན་རིང་པོར་ཀྲུང་གོར་མཉམ་ལས་བྱས་པར་བསྔགས་བརྗོད་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལྷག་འཁོར་བ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40ལྷག་གི་རིང་། དཔལ་འབྱོར་མགྱོགས་པོར་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་འབྱུང་བར་བྱེད་པའི“ངོ་མཚར་ཆེན་པོ་གཉིས”གསར་གཏོད་བྱས་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོ་དང་ཀྲུང་གོ་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་ཁ་འབྲལ་ཐབས་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཡང་ཁ་འབྲལ་ཐབས་མེད་ལ། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱིས་བཞག་པའི་བྱས་རྗེས་དང་ཡང་ཁ་འབྲལ་ཐབས་མེད། བཅོས་སྒྱུར་སྒོ་འབྱེད་ལས་ཀྲུང་གོ་མགྱོགས་མྱུར་ངང་འཛམ་གླིང་ཁྲོམ་རར་ཞུགས་པ་དང་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་ཐུབ་པའི་རྐྱེན་གཙོ་བོ་ཞིག་ནི་དགེ་མཚན་ལྡན་པའི་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱས་པ་དེ་རེད། ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་བཏང་བ་དེས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། ཀྲུང་གོའི་ལག་རྩལ་དང་དོ་དམ་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ལ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་རོགས་འདེགས་བྱས་ཡོད། ལག་ལེན་ལས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནང་ཞུགས་མཁན་གཙོ་བོ་ཡིན་པ་དང་དང་། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་ནང་ཞུགས་མཁན་གཙོ་བོ་ཡིན་ལ། ཀྲུང་གོས་འཛམ་གླིང་དང་འབྲེལ་མཐུད་བྱེད་པ་དང་དཔལ་འབྱོར་འཛམ་གླིང་ཅན་དུ་མཉམ་འདྲེས་བྱེད་པའི་ནང་ཞུགས་མཁན་གཙོ་བོ་ཡིན་པ་ར་སྤྲོད་བྱུང་ཡོད། བརྒྱུད་རིམ་དེའི་ཁྲོད། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཚང་མས་ཡོང་འབབ་མང་པོ་བླངས་ཡོད་པས། ཁེ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་བ་མ་ཟད་ཀྲུང་གོའི་མི་དམངས་བར་དུ་མཛའ་བརྩེ་ཟབ་མོ་ཡང་ཆགས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་མང་པོའི་རིང་། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་འཇོག་མཁན་གཙོ་བོ་དང་བརྟན་བརླིང་གི་རྨང་རྡོ་ཡིན་པ་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ཡོད། ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ལ། སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བཞིན་ཡོད་པས། སྒོ་འབྱེད་ཀྱི་སྒོ་ཆེན་ཆེ་ནས་ཆེ་རུ་འབྱེད་པ་དང་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་པའི་སྲིད་ཇུས་ལ་འགྱུར་བ་མེད་ལ་འགྱུར་ཡང་མི་སྲིད། ཀྲུང་གོ་ནི་འཛམ་གླིང་གི་འཛད་སྤྱོད་ཀྱི་ཁྲོམ་ར་ཆེན་པོ་གཉིས་པ་ཡིན་ལ། འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་ཡོང་འབབ་འབྲིང་རིམ་གྱི་ཚོགས་ཁག་ཡིན་པ་དང་། དངུལ་གཏོང་དང་འཛད་སྤྱོད་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ལྗང་མདོག་ཅན་དང་གཞི་གྲངས་ཅན། རིག་ནུས་ཅན་བཅས་ཀྱི་ཚུལ་སྒྱུར་ལ་མྱུར་དུ་སྐུལ་འདེད་གཏོང་བཞིན་ཡོད་ལ། ཐོན་ལས་ཆ་ཚང་སྒྲིག་ཆས་ཀྱི་ནུས་པ་ཆེ་བ་བཅས་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་བཀོལ་སྤྱོད་རྣམ་པ་ཡག་ཤོས་ཤིག་རེད། ཀྲུང་གོ་རུ་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་པའི་ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་བྱ་བའི་མ་ལག་ཅུང་འཐུས་ཚང་ཞིག་ཆགས་ཡོད་ལ། ཉོ་འཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཧུར་ཐག་གིས་སྐྲུན་བཞིན་ཡོད། ཀྲུང་གོས་དུས་ཡུན་རིང་པོར་ཆབ་སྲིད་ཀྱི་གནས་བབ་བརྟན་བརླིང་དང་སྤྱི་ཚོགས་བརྟན་འཇགས་རྒྱུན་འཁྱོངས་བྱས་པས། འཛམ་གླིང་གིས་ཁས་ལེན་པའི་ཧ་ཅང་བདེ་འཇགས་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། དེ་དག་ལས་ཀྲུང་གོའི་ལས་དོན་གྱི་གར་སྟེགས་ཆེ་བ་དང་། ཁྲོམ་རའི་མདུན་ལྗོངས་སྔར་ལས་ཡངས་པ། སྲིད་ཇུས་སྔོན་དཔག་བརྟན་པ། བདེ་འཇགས་ཀྱི་གནས་བབ་བཟང་པོ་ཡིན་པ་བཅས་མཚོན་པས། དེ་ནི་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱིས་མ་དངུལ་གཏོང་བའི་གནས་བཟང་པོ་ཞིག་ཡིན། ཀྲུང་གོ་ནི་སྔོན་ཆད་དང་ད་ལྟ། མ་འོངས་པ་གང་ཡིན་ཡང་ཕྱི་རྒྱལ་གྱི་ཚོང་པའི་ཕུགས་བསམ་དང་བདེ་འཇགས། ཕན་པ་ཡོད་པའི་དངུལ་གཏོང་གི་དམིགས་ས་ཡིན་ངེས། ཀྲུང་གོ་དང་མཉམ་སྐྱོད་བྱེད་པ་ནི་གོ་སྐབས་དང་མཉམ་སྐྱོད་བྱེད་པ་ཡིན་ལ། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་སང་ཉིན་ལ་ཡིད་ཆེས་བྱེད་པ་དང་། ཀྲུང་གོར་མ་དངུལ་གཏོང་བ་ནི་མ་འོངས་པར་མ་དངུལ་གཏོང་བ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱི་རྒྱལ་གྱི་ཚོང་པས་མདངུལ་གཏོང་བ་དང་ཕྱི་ཕྱོགས་དངུལ་གཏོང་གི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་ལམ་ཐིག་དང་དུས་ཚོད་རེའུ་མིག་བཟོས་ཡོད། ཀྲུང་གོས་ཁྲོམ་རར་འཇུག་འཐུས་ཀྱི་དངུལ་གཏོང་ཇེ་ཉུང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་སྒོ་འབྱེད་སྔར་ལས་རྒྱ་ཆེར་གཏོང་བ་དང་། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱིས་རྒྱལ་དམངས་དང་འདྲ་བར་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པར་འགན་སྲུང་བྱས་ནས། ཁྲོམ་རའི་འདྲ་མཉམ་འགྲན་རྩོད་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱི་རྒྱལ་གྱི་ཚོང་པ་དང་འབྲེལ་གཏུག་བརྗེ་རེས་བྱ་རྒྱུར་ཤུགས་བསྣན་ནས། ཀྲུང་གོར་ཡོང་བའི་དངུལ་གཏོང་ཉོ་འཚོང་ལ་སྟབས་བདེ་བསྐྲུན་གང་ཐུབ་བྱས་ཏེ། ཁྲིམས་ལྟར་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས། དེ་དང་ཆབས་ཅིག ཀྲུང་གོ་བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་ནས། ཧུར་ཐག་གིས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་འཕེལ་རྒྱས་གཏོང་ཆེད་ཕྱིའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་མང་རིང་ལུགས་ནི་འཛམ་གླིང་ལ་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ནི་བཀག་འགོག་བྱེད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད། ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ། ཧུར་ཐག་གིས་འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་ནང་ཞུགས་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་འབད་བརྩོན་བཅས་བྱས་ཡོད། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་དང་ཁྱད་པར་དུ་རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟིས་འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ། འགན་འཁྲི་གལ་ཆེན་ཡང་ཕྲག་ཏུ་བླངས་ཡོད། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་ལ་བརྟན་པོའི་ངང་མཉམ་དུ་སྲུང་སྐྱོབ་བྱེད་པ། སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། དཔལ་འབྱོར་འཛམ་གླིང་ཅན་གྱི་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས།

ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་འཛམ་གླིང་གི་རྐང་འཛིན་དབུ་གཙོ་དང་། དབུ་བཞུགས་ལག་བསྟར་དཔོན་དང་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི40ལྷག་མཇལ་འཕྲད་ལ་ཞུགས། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་མྱུར་སྐྱེལ་སྡེ་ཚོགས་ཀྱི་ཙུང་ཚའེ་རུའེ་སི་པོ་དང་། འཇར་མན་གྱི་མེ་སའེ་ཏི་སི·པིན་ཁྲི་སྡེ་ཚོགས་ཀྱི་རྐང་འཛིན་ཚོགས་པའི་ཀྲུའུ་ཞི་ཁང་ལིན་སུང་། ཧྥ་རན་སིའི་སའེ་ནུའོ་ཧྥེ་སྡེ་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཧན་པའོ་ལའོ། དབྱིན་ཇིའི་ཧུའེ་ཧྥིན་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་སྲིད་འཛིན་ཙུང་ཚའེ་ཨའེ་ཆའོ་ཀྲི། འཇར་པན་རི་ལི་སྒྲིག་བཟོ་སའོ་ཡི་ཚོགས་གཙོ་ཏུང་ཡོན་མིན་ཀྲའོ། ཧན་གོའིSKཧེ་ལི་ཧྲི་ཡི་འགན་ཁུར་བ་ཀའོ་ལུའུ་ཀྲིན། སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་ཙུང་ཚའེ་ན་སི་ཨར་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད།

ཁོ་ཚོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས། དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས་པར་ཡིད་སྨོན་བྱེད་འོས་པ་ཞིག་རེད། “ཀྲུང་གོས་གསར་བཟོ”ནས“སྤུས་གསར་ཐོན་སྐྱེད་ནུས་ཤུགས”བར། ཀྲུང་གོས་ཚན་རྩལ་གསར་གཏོད་ཀྱི་ནུས་སྤྲོད་ལ་བརྟེན་ནས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བ་དང་རྒྱུན་མཐུད་སྔར་ལས་ཐུབ་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་བས། ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་འོད་སྟོང་ལྡན་པ་ཞིག་རེད། སྲུང་སྐྱོབ་རིང་ལུགས་ཛ་དྲག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོས་སྒོ་འབྱེད་ཀྱི་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། འཛམ་གླིང་དཔལ་འབྱོར་ལ་བརྟན་བརླིང་རང་བཞིན་གསར་སྣོན་བྱས་ནས་ངེས་གཏན་རང་བཞིན་གྱི་གནས་དང་དངུལ་གཏོང་ལས་རིགས་དར་རྒྱས་གཏོང་བའི་གནས་མཆོག་ཏུ་གྱུར་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དཔལ་འབྱོར་གྱི་ལྟེ་བའི་སྒུལ་ཤུགས་ཡིན་པས། ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་དང་འཚར་ལོངས་བར་སྟོང་གིས་མི་རྣམས་ལ་སྐུལ་མ་ཐེབས་སུ་འཇུག་སྲིད། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་དྲང་གཞག་དང་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་པར་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་བར་གྱི་དངུལ་གཏོང་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཀྲུང་གོའི་ཁྲོམ་ར་རྒྱ་ཆེར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་བརྗེ་རེས་མཉམ་ལས་ལ་ཟམ་པ་བསྐྲུན་ནས། འཛམ་གླིང་གི་ཁྲོམ་རའི་སྒོ་འབྱེད་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་སྤྱིའི་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་འཇོག་དགོས།

ཚའེ་ཆི་དང་ཝང་དབྱི། ཧི་ལིས་ཧྥིན་བཅས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།