མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདོན་པ་ཡིའུ་ནུའུ་སི་ལ་མཇལ་འཕྲད་གནང་།

  2025-03-30 00:04:49 

20250329092315Uw78.jpg

ཟླ3པའི་ཚེས28ཉིན་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདོན་པ་ཡིའུ་ནུའུ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལའི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ཡོད་པ་དང་། གནའ་བོའི་དར་གོས་ཚོང་ལམ་ལས་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་དམ་ཟབ་ཆགས་ཡོད། འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ལ། མཉམ་ལས་མཉམ་རྒྱལ་བྱས་ཡོད། ཀྲུང་གོས་བྷང་ག་ལར་ཁྱིམ་མཚེས་མཛའ་མཐུན་སྲིད་ཇུས་སྤྱོད་པའི་ཚད་མཐོའི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་སྲུང་བྱས་ཡོད་པ་དང་། བྷང་ག་ལའི་མི་དམངས་ཡོངས་ལ་ཕྱོགས་པའི་ཁྱིམ་མཚེས་མཛའ་མཐུན་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པ་དང་། བྷང་ག་ལའི་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་བྷང་ག་ལའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དང་ཀྲུང་གོ་དང་བྷང་ག་ལའི་མི་གཞུང་བརྗེ་རེས་ལོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་བྷང་ག་ལའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་བྷང་ག་ལའི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བར་སྲུང་སྐྱོང་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་གནས་བབ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པས། བྷང་ག་ལ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྩལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཆུ་བེད་སོགས་མངའ་ཁོངས་མཉམ་ལས་གསར་འབྱེད་བྱས་ནས། མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་གཏོང་བ་དང་། བྷང་ག་ལའི་བར་གྱི་ཕྱོགས་མང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཐུན་སྒྲིལ་དང་རང་སྟོབས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།

2025032910513.jpg

ཟླ3པའི་ཚེས28ཉིན་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་ཡིའུ་ནུའུ་སི་ལ་མཇལ་འཕྲད་གནང་།

ཡིའུ་ནུའུ་སི་ཡིས་བསྟན་དོན། བྷང་ག་ལ་དང་ཀྲུང་གོའི་མཛའ་བརྩེ་ཟབ་ཅིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས་བཅས་བྱེད་ཀྱིན་ཡོད། ཀྲུང་གོ་ནི་བྷང་ག་ལའི་བློ་གཏད་ཆོག་པའི་ཟླ་གྲོགས་དང་གྲོགས་པོ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་ཀྱིན་ཡོད། བྷང་ག་ལ་ཕྱོགས་ཀྱིས་ད་ལོ་བྷང་ག་ལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏང་དགོས་པ་དང་། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་བྷང་ག་ལ་རུ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་དང་། བྷང་ག་ལའི་དཔལ་འབྱོར་ཚུལ་སྒྱུར་ལ་སྐུལ་འདེད་གཏང་དགོས། བྷང་ག་ལའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་སོགས་འདུ་ཤེས་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱེད་པ། གོ་སྐབས་དམ་འཛིན་བྱས་ཏེ་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་ནས། འཛམ་གླིང་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་སྤེལ་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།