ཟླ3པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་ནས་སྤེལ་བའི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་ཟླ3པའི་ཚེས28ཉིན་པེ་ཅིན་དུ་བསྡུ་རྒྱུ་རེད། འདི་ནི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་དང་པོར་ཕྱི་རུ་ཚོང་འགུག་དངུལ་འདྲེན་གྱི་བྱ་བ་སྤེལ་ནས། འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་དང་། འཕེལ་རྒྱས་གོ་སྐབས་མཉམ་སྤྱོད། ཕྱོགས་སོ་སོའི་མཉམ་ལས་ཚུར་འགུག་བྱེད་པ་དང་། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་བོར་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འོས་སྦྱོར་བྱས་ནས། ཁེ་ལས་དང་འཇོན་མི། ཐོན་ཁུངས་བཅས་མཚོ་སྔོན་དུ་བཀུག་སྟེ། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ངས་འདིའི་འོས་སྦྱོར་ཚོགས་འདུས་ལྗང་མདོག་རྩིས་ནུས་མཉམ་སྐྲུན་དང་སྤུས་གསར་འབྱུང་འགྱུར་མཉམ་བསུ་ཞེས་པ་བརྗོད་གཞིར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཙིགས་སུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་པ་དང་། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཀྱི་ཟོང་རྟགས་བསྐྲུན་པར་བརྩོན་ལེན་བྱས་ཏེ། འོས་སྦྱོར་བྱ་འགུལ་སྟེང་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་མིང་བྱང་གལ་ཆེན་དྲིལ་སྒྲོག་བྱ་རྒྱུ་རེད།
ས་སྦྱོར་ཚོགས་འདུ་ལས་ཡོན་ཧྲི་གྲགས་ཅན་དང་ཁེ་ལས་གཙོ་བོའི་འགན་འཁུར་བ་གདན་ཞུ་བྱས་ནས་གཏམ་བཤད་སྤེལ་རྒྱུ་ཡིན་ལ། དེ་དང་མཉམ་དུ་ད་རུང་གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་གཞུང་། ཚན་རིག་ཞིབ་འཇུག་ཁང་། མཐོ་རིམ་སློབ་གླིང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་ཁེ་ལས་དང་གཞི་གྲངས་མཆན་འགོད་ཁེ་ལས། རླངས་འཁོར་དྲ་འབྲེལ་དང་རིག་ནུས་རླངས་འཁོར་ཁེ་ལས། རྩིས་འཁོར་དང་འཕྲིན་སྐྱེལ་སྒྲིག་ཆས་འདོན་སྤྲོད་ཁེ་ལས། གཞི་གྲངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཁེ་ལས་གྲགས་ཅན200ལྷག་གི་འགན་འཁུར་བློ་མཐུན་གདན་ཞུ་བྱ་རྒྱུ་རེད།
འོས་སྦྱོར་ཚོགས་འདུའི་ཐོག་ཀྲུང་གོའི་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་དེབ་སྔོན་པོ་ཐུན་མོང་ཐོག་ཐེངས་དང་པོར་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པར་མ་ཟད། གཞི་གྲངས་གསར་བར་ཐོན་ལས་དང་ལྗང་མདོག་རྩིས་ནུས་མཐུན་སྦྱོར་ཆེད་དོན་བྱེད་སྒོ་ཐེངས་གཉིས་གསར་དུ་བསྣན་ནས། རྩིས་ནུས་མཐུན་སྦྱོར་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་རྩིས་ནུས་ཐོན་ལས་དང་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་གྲགས་ཅན་གྱིས་གྱོད་དཔེ་མཉམ་སྤྱོད་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་ཕྱིར་གཏོང་ནས་རྩིས་ནུས་ཕྱིར་གཏོང་དུ་བསྒྱུར་བའི་རྣམ་པ་མངོན། དེ་དང་ཆབས་ཅིག ལྗང་མདོག་གློག་ཤུགས་ཀྱི་ཁོར་ཡུག་རིན་ཐང་གང་ལེགས་མཚོན་ནས། ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་མགོ་ཚུགས་ཆེད། སྐབས་འདིའི་འོས་སྦྱོར་ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་གློག་ཤུགས་སྤྱོད་མཁན་བཅུ་ལ《ལྗང་མདོག་གློག་ཤུགས་བེད་སྤྱོད་དཔང་རྟགས》སྤྲོད་རྒྱུ་རེད།
འོས་སྦྱོར་ཚོགས་འདུས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞིར་གཅིག་བསྡུས་ཀྱིས་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་ནས། རྩིས་ནུས་ཁེ་ལས་གཙོ་གྲས་དང་གཞི་གྲངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཁེ་ལས་ཀྱི་མཚོན་རྟགས་རང་བཞིན་ལྡན་པའི་ལས་གཞི་སྐོར་ཞིག་གིས་གཅིག་བསྡུས་སྒོས་གན་རྒྱ་འཇོག་རྒྱུ་ཡིན་པ་དང་། གན་རྒྱའི་དངུལ་གྲངས་ཀྱི་གཞི་རྒྱ་དེ་ན་ནིང་ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་རེད། འགྲེམ་སྟོན་ཕྱོགས་ནས། ཚོགས་ཆེན་གྱིས་ཚད་གཞི་མཐོ་བའི་དྲིལ་སྒྲོག་བརྙན་ཐུང་བཟོ་བ་དང་། ཡུལ་དངོས་ཀྱི་འགྲེམ་ཁུལ་འཛུགས་པ། རྣམ་པ་གསར་བ་བཏོད་པ་བཅས་བྱས་ནས། ཤུགས་རྐྱེན་ལྡན་ཞིང་ཁྱད་ཆོས་ཡོད་ལ། ཉིན་རེར་ཡར་ཐོན་དང་གཟི་བརྗིད་ཀྱི་ཕྱོགས་སུ་བརྩོན་ལེན་བྱེད་པའི་མཚོ་སྔོན་གྱི་སྣང་བརྙན་བརྩོན་ལེན་བྱ་རྒྱུ་རེད།