མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ།

  2025-03-25 16:46:04 

ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུས་ཀྱིས་རྩེ་རིམ་ཇུས་འགོད་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མཐུན་སྦྱོར་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། གཏུག་བཤེར་འབྱུང་ཁུངས་ཀྱི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ།

འདུམ་སྒྲིག་མཐུན་སྦྱོར་གྱི་སྡོམ་ཤུགས་མགྱོགས་མྱུར་ངང་ཆགས་པར་བྱ་ཆེད། ཞིང་ཆེན་ཤེས་བྱའི་བདག་དབང་ཅུས་ཀྱིས་སྔ་རྗེས་སུ་ཞིང་ཆེན་གྱི་ཁྲིམས་འཛིན་ཐིང་ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ནོར་སྲིད་ཐིང་བཅས་དང་མཉམ་འབྲེལ་བྱས་ཏེ་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་དང་དྲ་ཐོག་གཏུག་བཤེར་སྙོམ་སྒྲིག་སྦྲེལ་མཐུད། མཐུན་སྦྱོར་སྲུང་སྐྱོང་སོགས་ཀྱི་ཡིག་ཆ་འགྲེམ་སྤེལ་བྱས་ཏེ། ཤེས་བྱའི་བདག་དབང་གི་རྩོད་གཞི་སྣ་མང་སེལ་བའི་ལམ་ལུགས་དང་ཧུར་ཐག་སྒོས་བསྐྲུན་པ་དང་། ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་དང་སྲིད་འཛིན་ཁྲིམས་གཅོད། ཁྲིམས་འཛིན་གཏུག་བཤེར་སོགས་སྦྲེལ་མཐུད་བྱས་ནས། མི་དམངས་འདུམ་སྒྲིག་དང་ཁྲིམས་འཛིན་གཏན་འཁེལ། འདུམ་གཅོད་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱོགས་མང་པོར་མཉམ་འགུལ་བྱས་ཏེ་འགལ་བ་ཐག་གཅོད་བྱེད་པའི་རྣམ་པ་གསར་བ་ཆགས།

ཞིང་ཆེན་ཤེས་བྱའི་བདག་དབང་ཅུས་ཀྱི་ཁྲིམས་ཁང་དང་ཤེས་བྱའི་བདག་དབང་། འདུམ་གཅོད་ཨུ་ལྷན་སོགས་ཐོན་ཁུངས་སྡེབ་སྒྲིལ་བེད་སྤྱོད་བྱས་ཏེ། “ཁྲིམས་ཁང་གིས་སྐུལ་འདེད་གཏོང་བ་དང་། སྙོམ་སྒྲིག་ཨུ་ལྷན་གྱི་མཐུན་སྦྱོར་བྱེད་པ། འདུམ་སྒྲིག་མི་སྣས་ལས་དོན་སྒྲུབ་པ། ཁྲིམས་དཔོན་གྱིས་མཛུབ་ཁྲིད་བྱེད་པའི”གཏུག་བཤེར་བྱེད་ཐབས་འཚོལ་ཞིབ་བྱས་ནས་སྙོམ་སྒྲིག་སྦྲེལ་མཐུད་ལས་དོན་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་བྱས། མིག་སྔར་ཐོན་ལས་མཐུན་ཚོགས་དང་ཞབས་ཞུའི་སྒྲིག་གཞི། ཁྲིམས་རྩོད་པའི་ལས་དོན་ཁང་བཅས་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་རྩོད་གཞི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་སོགས་འདུམ་སྒྲིགརྩ་འཛུགས10བཙུགས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ལ་ཁྱབ་ནས་ཤེས་བྱའི་བདག་དབང་གི་གྱོད་གཞིའི་དྲ་ཐོག་བསྐོ་མངག་དང་འདུམ་སྒྲིགལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འདུམ་སྒྲིག་རྩ་འཛུགས་ཀྱི་བསྡོམས་པས་གྱོད་གཞི151འདུམ་སྒྲིག་བྱས་ཤིང་། རྒྱལ་ཁའི་ངང་ གྱོད་གཞི25འདུམ་སྒྲིག་བྱས་པ་དང་། གྱོད་གཞི་དང་འབྲེལ་བའི་དངུལ་གྲངས་སྒོར་ཁྲི5122.85ལ་སླེབས།

2025ལོར་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་གསར་པ་དང་ལས་རྣམ་གསར་པ། སྡེ་ཁག་བར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་རྩ་འཛུགས་དོ་དམ་བྱེད་ཐབས》གཏན་འབེབས་བྱས་པ་མ་ཟད་འགྲེམ་སྤེལ་བྱས་ཏེ། འདུམ་སྒྲིག་རྩ་འཛུགས་ཀྱི་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་བྱའི་བདག་དབངགི་གཏུག་བཤེར་དང་འདུམ་འགྲིག་ལས་དོན་སྦྲེལ་མཐུད་ས་ཚིགས་དང་སྐོར་སྐྱོད་ཁྲིམས་ར་སོགས་རྣམ་པ་མང་པོ་བཙུགས་ནས་ཤེས་བྱའི་བདག་དབང་གི“སྤྱི་དང་སྤྱི་གཏུག”གི་རྩོད་གཞིའི་འདུམ་སྒྲིག་འཐུས་ཚང་དུ་བཏང་སྟེ། ཁུངས་སྣེ་ཡོང་ཁུངས་སྔར་བས་རྒྱ་ཆེར་བཏང་ནས་བྱ་བའི་ཐད་མཐུན་སྦྱོར་མཉམ་ལས་རྣམ་པ་ཞིག་ཆགས་པ་དང་། ཆེད་དོན་གསོ་སྦྱོང་དང་ཡུལ་དངོས་ཀྱི་ལྟ་ཞིབ་སློབ་སྦྱོང་། གྱོད་གཞིར་དཔྱད་ཞིབ་སོགས་བྱེད་ཐབས་བརྒྱུད་དེ། འདུམ་འགྲིག་རྩ་འཛུགས་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བར་ཤུགས་བསྣན་པ་སོགས་འདུམ་འགྲིག་མི་སྣའི་ཆེད་ལས་ཀྱི་བྱང་ཚད་དང་བྱ་བའི་འཇོན་ཐང་ཆེ་རུ་བཏང་ནས། ཤེས་བྱའི་བདག་དབང་གི་རྩོད་གཞི་ཕན་ནུས་ཆེ་བའི་སྒོ་ནས་ཐག་གཅོད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།