ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་གསར་འགྱུར་ཁྱབ་བསྒྲགས་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ཞིང་ཆེན་གྱི་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་སྡུད་མཐུན་སྦྱོར་ལས་དོན་ལམ་སྲོལ་གཞུང་ལས་ཁང་གི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།“མཚོ་སྔོན་ཡིད་སྟོན་དངུལ་སྡུད”ལས་སྟེགས་ལ་བརྟེན་ནས་དྲ་ཐོག་ཏུ་དངུལ་སྡུད་དགོས་མཁོ་སྦྲེལ་མཐུད་མ་ལག(སྐད་འཕྲིན་གྱི་བྱ་རིམ་ཆུང་བ)མགྱོགས་མྱུར་གསར་སྤེལ་བྱས་ཤིང་། འཚམས་འདྲིར་རྩད་གཅོད་དང་། གདམ་གསེས་མཚམས་སྦྱོར་བྱེད་པ། ཡིད་རྟོན་དངུལ་བུན་གཏོང་སྤྲོད་བཅས་ཀྱི་བརྒྱུད་རིམ་ཡོངས“ལག་མཐིལ་ཐོག་སྒྲུབ་པའི”ལས་སྒོ་བཙུགས་པ་དང་། སྲིད་གཞུང་དང་དངུལ་ཁང་མཐུན་སྦྱོར་བྱས་པ་བརྒྱུད་ཁེ་ལས་ཀྱི་དངུལ་སྡུད་དཀའ་གནད་སེལ་པར་རོགས་རམ་བྱས་ནས་ཁེ་ལས་ཆུང་གྲས་ཀྱི་གཉེར་སྐྱོང་ཇེ་ལེགས་སུ་གཏོང་བ་དང་། ཁེ་སྤོགས་མཐོར་འདེགས་གཏོང་བ། གསོན་ཤུགས་སྐུལ་སྤེལ་བཅས་བྱེད་རོགས་བྱས། ཟླ3པའི་ཚེས17ཉིན་བར་ཞིང་ཆེན་ཡོངས་ཀྱིས་ཁེ་ལས་དུད་ཚང31749ལ་འཚམས་འདྲི་བྱས་པ་དང་།“སྙན་ཞུའི་རྩིས་ཐོའི”ཁེ་ལས14098ལ་ཞིབ་དཔྱད་བྱས་པ།“འོས་སྦྱོར་རྩིས་ཐོའི”ནང་ཞུགས་པའི་ཁེ་ལས13890གདམ་གསེས་བྱས་པ། དངུལ་ཁང་ཁག་གིས་ཁེ་ལས10255ལ་དངུལ་བུན་སྒོར་དུང་ཕྱུར130.22བཏང་བ་དང་། རིམ་རྩིས་བྱས་ན་ཁེ་ལས10100ལ་དངུལ་བུན་སྒོར་དུང་ཕྱུར69.33བཏང་།
ཡུལ་དངོས་སུ་འཚམས་འདྲི་བྱས་པའི་མི་སྣས“ལག་མཐིལ་གྱི་ལག་ཆ”གང་ལེགས་སྤྱད་དེ་ཤོག་བུ་མེད་པར་ཡུལ་དངོས་འཚམས་འདྲིར་བྱས་པ་དང་། དྲ་ཐོག་ཞབས་ཞུ་ཕན་ཚུན་མཉམ་འདྲེས་བྱས་ཏེ།“བཤར་འབེབས”བྱས་པ་བརྒྱུད་ཁེ་ལས་ཆུང་གྲས་ཀྱི་ཡིད་རྟོན་ཆ་འཕྲིན་རང་འགུལ་ངང་བསྡུ་ལེན་དང་། དངུལ་སྡུད་དགོས་མཁོ་རང་འགུལ་ངང་སྐུལ་སྤེལ། དངུལ་ཁང་གི་དངུལ་བུན་ཞིབ་བཤེར་མ་ལག་དང་རང་འགུལ་ངང་སྦྲེལ་མཐུད་བཅས་མངོན་འགྱུར་ཐུབ་པས་ཁེ་ལས་དང་གཞི་རིམ་སྲིད་གཞུང་། དངུལ་ཁང་གི་ལས་དོན་མི་སྣའི་ཆ་འཕྲིན་ཐོ་འགོད་དང་ཞིབ་བཤེར་བྱེད་པའི་ཁུར་པོ་ནུས་ལྡན་ངང་ཡང་དུ་བཏང་།
ས་གནས་ཅན་དུDeepSeekདཔེ་དབྱིབས་ཆེན་པོ་བཀོད་སྒྲིག་བྱས་ཏེ།“མཚོ་སྔོན་ཡིད་སྟོན་དངུལ་སྡུད”ལས་སྟེགས་ཀྱི་ཁེ་ལས་དང་འབྲེལ་བའི་དངུལ་རྩའི་བརྗོད་དོན་གཞི་གྲངས་མཛོད་དང་སྦྲེལ་མཐུད་བྱས་ཤིང་། ལས་རིགས་ཀྱི་རིགས་ལ་གཞིགས་ནས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་སྒེར་གྱི་བཟོ་ཚོང་དུད་ཚང་སོགས་གཉེར་སྐྱོང་བྱེད་པོ་རིགས་དབྱེ་ནས་གདམ་གསེས་བྱས་པ་དང་། གཉེར་སྐྱོང་རྒྱུན་ལྡན་མིན་པ་དང་། ཡིད་རྟོན་མེད་པའི་ལག་བསྟར་བྱ་ཡུལ་མི། ཁྲལ་བསྡུའི་ཁྲིམས་འགལ་གྱོད་གཞི་ཚབས་ཆེན་སོགས་ཡིད་རྟོན་ཚབས་ཆེན་གྱི་གཙོ་གཞིས་རང་འགུལ་གྱིས་དབྱེ་འབྱེད་བྱས་རྗེས།“ཆེད་ལས་སྤུས་ལེགས་དང་དམིགས་བསལ་གསར་སྤྱོད།"“ཚན་རྩལ་གསར་གཏོད་རྣམ་པ།"“ཕྱི་ཕྱོགས་ཚོང་དོན།"“དམངས་སྤྱོད།"“ཡིད་རྟོན་དུད་ཚང་དཀར་པོ"སོགས་ཀྱི་སྒྲིག་སྲོལ་གཞིར་བཟུང“མིང་ཐོ་དཀར་པོ"ཁེ་ལས་གྲུབ་པ་དང་། ཁག་དབྱེ་ནས་ཁེ་ལས་ཐོ་འགོད་བྱ་ཡུལ་ལྟར་ཁུལ་དང་རྫོང་གི་ཆེད་ལས་འཛིན་གྲྭ་དང་ཐོ་འགོད་དངུལ་ཁང་གི་ལས་དོན་མི་སྣའི་ལག་ཐོགས་ཁ་པར་ལ་ཁྱབ་གདལ་བཏང་སྟེ། ཞིབ་ཐོ་ཅན་དུ་བཅར་འདྲི་ལས་དོན་ལ་སྐུལ་འདེད་བཏང་།
ཞིང་ཆེན་རིམ་པའི་བྱ་བའི་ལམ་སྲོལ་གྱི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་འགན་ནུས་དང་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུས་དང་མཉམ་དུ་བྱ་བའི་ལམ་སྲོལ་སྐུལ་འདེད་ཚོགས་འདུ་དང་དངུལ་ཁང་སྒྲིག་གཞིའི་བཞུགས་མོལ་ཚོགས་འདུ་སྔ་རྗེས་སུ་སྒྲིག་འཛུགས་སྐོང་ཚོགས་བྱས་ནས། སྡེ་ཁག་དང་ས་ཁུལ་ཁག་དང་འབྲེལ་གཏུག་སྦྲེལ་མཐུད་བྱེད་པའི་ལས་སྒོ་བསྐྲུན་ནས།“ཁེ་ལས་སྟོང་དང་དུད་ཚང་ཁྲི་ལ་འཚམས་འདྲི་བྱེད་པའི”བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་གནད་སྣ་ཚོགས་ཞིབ་འཇུག་དང་ཐག་གཅོད་བྱས། “མི་དགོས་པ་བཞི་དང་ཐད་ཀར་གཉིས”ཆུས་དང་རྫོང་ཁག་ཁ་ཤས་སུ་བརྟག་དཔྱད་ཞིབ་འཇུག་དང་མཛུབ་ཁྲིད་བྱེད་པར་བསྐྱོད་དེ་གཞི་རིམ་ལས་དོན་ཆེད་གཉེར་འཛིན་གྲྭར་སྐུལ་སློང་བྱས་ནས་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ། དངུལ་རྩའི་ཁེ་ལས་ལ་ཕན་པ་ཐོབ་པའི“ཐོག་མའི་སྤྱི་ལེ་གཅིག”ནས“མཐའ་མའི་སྤྱི་ལེ་གཅིག”བར་གྱི་འགག་གནས་གཤོང་བར་འབད་བརྩོན་བྱས།
《མཚོ་སྔོན་ཞིང་ཆེན་གྱིས་ཡིད་རྟོན་ཉམས་གསོའི“དོན་དག་གཅིག”གི་བྱ་བའི་ཇུས་གཞི》ལག་བསྟར་གཏིང་ཟབ་བྱས་ཏེ།“ཡིད་རྟོན་ཀྲུང་གོ(མཚོ་སྔོན)”དྲ་ཚིགས་དང་མཚོ་སྔོན་སྲིད་དོན་ཞབས་ཞུའི་དྲ་བའི་ཐོག་ཡིད་རྟོན་ཉམས་གསོའི“དོན་དག་གཅིག”གི་ཆེད་བསྒྲིགས་ལེ་ཚན་ལས་ཆོད་ཆེན་པོས་བསྒྲུབ་ཐུབ་པ་དང་། ཞིང་ཆེན་ཡོངས་ཀྱིས་རེའུ་མིག་གཅིག་དང་རྒྱུ་ཆ་ཆ་ཚང་གཅིག་གྱུར་གྱིས་ལག་བསྟར་བྱས་ནས། ཡིད་རྟོན་ཉམས་གསོའི་རིགས་ཁག་ཚང་མ་མཐེབ་གཅིག་གིས་ཐད་ཀར་བསྒྲུབ་ཐུབ་པ་དང་ནུས་ཆེའི་སྒོ་ནས་ཐག་གཅོད་བྱེད་ཐུབ། “དྲ་ཐོག་ཐོག་ནས་སྒྲུབ་པ་དང་མཐུན་སྦྱོར་ངང་སྒྲུབ་པ”བརྒྱུད། ཁེ་ལས་ཀྱི་ཡིད་རྟོན་མེད་པའི་འགུལ་སྐྱོད་དུས་ཐོག་ཏུ་ཉམས་གསོ་བྱས་ནས། ཡིད་རྟོན་གྱི་གཟུགས་བརྙན་བཟང་པོ་བསྐྱར་སྐྲུན་བྱས་ནས་དངུལ་སྡུད་ཐོབ་ཐུབ་པའི་རང་བཞིན་ཆེ་རུ་བཏང་།