ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་ཕབ་སྐྲུན་བྱས་པའི་ལེའུ་བཅུ་བཞི་ཅན་གྱི་ཆེད་དོན་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་འགྲེལ་བཤད》ཅེས་པ་དེ2025ལོའི་ཟླ3པའི་ཚེས24ཉིན་གྱི་དགོང་མོའི་ཆུ་ཚོད19:45ཐོག ཀྲུང་དབྱང་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ་ཐོག་གཏོང་རྒྱུ་ཡིན་པ་རེད། འདི་ནི་མ་ལག་དང་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་འགྲེལ་བཤད་བྱེད་པའི་བརྙན་འཕྲིན་ཆེད་དོན་ལེ་ཚན་ཐོག་མ་ཡིན།
་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པའི་གཙོ་གནད་ཆེད་དོན་ལེ་ཚན་ཞིག་ཡིན་པའི་ཆ་ནས། ལེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་སྤེལ་སོགས་ཀྱི་རྒྱས་བཤད་གལ་ཆེན་ལག་བསྟར་ལ་དམིགས་ཏེ། དེའི་ནང་གི་བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་དད་སེམས་དང་། ཆབ་སྲིད་ཀྱི་ཕྱོགས་སྟོན་གསལ་པོ། གཏིང་ཟབ་པའི་འཐབ་ཇུས་ཀྱི་བསམ་གཞིགས། ལོ་རྒྱུས་ཀྱི་འགན་འཁུར་དྲག་པོ། ལྷག་བསམ་ཟོལ་མེད་ཀྱི་མི་དམངས་ཀྱི་བརྩེ་བ། ཚན་རིག་དང་མཐུན་པའི་བསམ་བློ་དང་བྱེད་ཐབས་བཅས་ལ་གསལ་འགྲེལ་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་བྱས་ཤིང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དུས་རབས་ཀྱི་ཁྱད་ཆོས་དང་། རིགས་པའི་གཞུང་ལུགས་ཀྱི་རིན་ཐང་། ལག་ལེན་རླབས་ཆེའི་སྟོབས་ཤུགས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
ལེ་ཚན་གྱིས་འཁྲབ་གཏོང་ཁང་གི་ལེ་ཚན་རྣམ་པ་གསར་གཏོད་བྱས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་མགོ་ཁྲིད་ལས་བྱེད་པ་དང་ཆེད་མཁས་པ་དང་མཁས་དབང་ཆེད་དམིགས་ཀྱིས་གདན་ཞུ་བྱས་ནས་འགྲེལ་བཤད་སྐུ་མགྲོན་བྱས་ཏེ། “དུས་རབས་ཀྱི་དྲི་བ ”དང“དགོངས་དོན་སྒྲོག་སྦྱང ”།“དགོངས་དོན་གྱི་སྟོབས་ཤུགས ”།“ཐོས་བསམ་མྱོང་རྟོགས ”བཅས་ཚན་པ་བཞི་བཀོད་སྒྲིག་བྱས་ནས། གཞི་རིམ་གྱི་ལག་ལེན་དང་གྱོད་དཔེ100ལྷག་དང་གྱོད་དཔེ་ལྟ་ཞིབ་པ40ལྷག་གི་གསལ་འགྲེལ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་་དཔལ་འབྱོར་དགོངས་པའི་ལྟེ་བའི་དོན་སྙིང་དང་ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་གསོན་ཉམས་ལྡན་པའི་འགྲེལ་བཤད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྔར་ལས་རང་རྟོགས་ངང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་ལེན་བྱས་ནས་གནད་དོན་ཐག་གཅོད་དང་ལས་དོན་སྤེལ་བར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་བྱས་པའི་ཤེས་རྟོགས་རྣམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་དང་གསོན་ཉམས་ལྡན་པའི་ལག་ལེན་དངོས་སུ་བསྒྱུར་དགོས།
ལེ་ཚན་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། ཀྲུང་དབྱང་བརྙན་ལམ། ཀྲུང་དབྱང་བརྙན་འཕྲིན་ལས་ངས་ནོར་སྲིད་དཔལ་འབྱོར་འཕྲིན་ལམ་བཅས་སུ་དུས་མཉམ་དུ་གཏོང་རྒྱུ་རེད།