མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲའོ་ལེ་ཅི་ཡིས་ཧྥེ་ཅིའི་གྲོས་དཔོན་དང་གྲོས་མོལ་གནང་བ།

  2025-03-25 16:36:04 

3333.jpg
ཟླ3པའི་ཚེས21ཉིན་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥེ་ཅིའི་གྲོས་དཔོན་ཅི་ཐོ་ཁི་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥེ་ཅིའི་གྲོས་དཔོན་ཅི་ཐོ་ཁི་དང་གྲོས་མོལ་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧྥེ་ཅིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ཡི་རིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་ཕན་ཚུན་ལ་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དངོས་ཡོད་ཀྱི་མཉམ་ལས་གྲུབ་འབྲས་བླངས་ཡོད། ན་ནིང་གི་ཟླ8པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཙུང་ལི་ལན་པུའུ་ཁ་ལ་ཐུག་འཕྲད་གནང་ནས། མཉམ་དུ་ཀྲུང་ཧྥེ་འབྲེལ་བའི་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ཅི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཧྥེ་ཅིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧྥེ་ཅི་ཕྱོགས་ཀྱིས་བདག་དབང་རང་བཙན་དང་རྒྱལ་ཁབ་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་པ་དང་། ཧྥེ་ཅི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་སྲིད་ཇུས་ཀྱི་འབྲེལ་གཏུག་ལ་མུ་མཐུད་དུ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ་འཛུགས་སྐྲུན་བྱ་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་གཞི་དང་འཛམ་གླིང་བདེ་འཇགས་ཀྱི་གྲོས་གཞི། འཛམ་གླིང་དཔལ་ཡོན་གྱི་གྲོས་གཞི་བཅས་དོན་འཁྱོལ་བྱས་ཏེ། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥེ་ཅིའི་གྲོས་ཚོགས་བར་གྱི་མཛའ་མཐུན་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆའི་གཏན་འབེབས་འཐུས་ཚང་དུ་གཏོང་བ། ཨེ་ཤ་ཡའི་གྲོས་ཚོགས་ཚོགས་ཆེན་སོགས་ཕྱོགས་མང་ལམ་སྲོལ་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་བསྟུད་མར་ལོ་མང་པོའི་རིང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་གཏད་པའི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་གཉེར་བ་དང་། ཧྥེ་ཅིའི་གྲོས་མི་གྲོགས་པོ་སྔར་ལས་མང་པོ་ཀྲུང་གོར་འཚམས་འདྲི་བྱེད་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན།

ཀྲའོ་ལེ་ཅི་ཡིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།

ཅི་ཐོ་ཁི་ཡིས་བསྟན་དོན། ད་ལོ་ནི་ཧྥེ་ཅི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་རེད། ཧྥེ་ཅི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང2758པའི་དབང་གྲགས་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་གཞི་རབ་དང་རིམ་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལ་རྒྱབ་སྐྱོར་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཧྥེ་ཅིའི་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་དུ་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས། ཧྥེ་ཅི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

ཞུའེ་ཁི་ལའེ་ཐི·ཀྲ་ཁི་ཨར་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།