མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་དབྱི་ཡིས་འཇར་པན་གྱི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཧྥུའུ་ཐེན་ཁང་ཧྥུའུ་ལ་ཐུག་འཕྲད་གནང་།

  2025-03-25 16:36:33 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཏུང་ཅིན་དུ་འཇར་པན་གྱི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ནམ། པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་སྔོན་ཆད་ཀྱི་ལས་འཛིན་དཔོན་ཧྥུའུ་ཐེན་ཁང་ཧྥུའུ་ལ་ཐུག་འཕྲད་གནང་།

ཝང་དབྱི་ཡིས་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་འཇར་པན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་རྒྱབ་སྐྱོབ་བྱས་པ་དང་།“ཨེ་ཤ་ཡའི་གཅིག་མཐུན་ཚོགས་པའི་རིག་གནས་སྤེལ་རེས་སྒྲིག་གཞིའི”སྣེ་ཁྲིད་དེ་བཙུགས་པར་བསྔགས་བརྗོད་བྱས། ཧྥུའུ་ཐེན་ཁང་ཧྥུའུ་དང་ལས་རིགས་སོ་སོའི་གྲོགས་པོ་རྣམས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་སྤེལ་རེས་དང་དམངས་སེམས་འབྲེལ་མཐུད་ལ་མུ་མཐུད་དུ་ཧུར་ཐག་སྒོས་སྐུལ་འདེད་བཏང་ནས། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་བདེ་བླག་དང་བརྟན་བརླིང་ངང་འཕེལ་རྒྱས་འབྱུང་བར་བྱས་རྗེས་འཇོག་འདོད་ཡོད་པའི་རེ་འདུན་བཏོན།

ཝང་དབྱི་ཡིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཡང་བསྐྱར་བྱུང་བ་དང་། བརྟན་བརླིང་མིན་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་མངོན་གསལ་གྱིས་ཇེ་མང་དུ་གྱུར་ཡོད། ཀྲུང་གོ་དང་འཇར་པན་གྱི་ས་ཁམས་འདྲ་མཚུངས་ཡིན་པ་དང་དང་། རིག་གནས་འབྲེལ་མཐུད་ཡོད་ལ། ཁེ་ཕན་མཉམ་འདྲེས་བྱུང་ཡོད། སྐུ་ཞབས་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་རུའུ་ལུགས་རིག་གནས་ལ་བརྩི་བཀུར་བྱེད་བཞིན་ཡོད་པས། ཕྱོགས་གཉིས་གྱིས་ཞི་བདེ་ལ་བརྩི་བཀུར་བྱེད་པ་དང་རང་ཉིད་དང་མི་གཞན་ལ་བརྩི་བཀུར་བྱེད་པའི་ཤར་ཕྱོགས་ཀྱི་བློ་གྲོས་དར་སྤེལ་བྱས་ཏེ། ཨེ་ཤ་ཡའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བྱེད་ཐུབ། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བའི་ཆབ་སྲིད་དང་དམངས་འདོད་ཀྱི་རྨང་གཞི་སྲུང་སྐྱོང་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡའི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཧྥུའུ་ཐེན་ཁང་ཧྥུའུ་གྱིས་བསྟན་དོན། འཇར་པན་དང་ཀྲུང་གོ་བར་གྱི་དམངས་ཁྲོད་དང་། མི་ཆོས། རིག་གཞུང་སོགས་ཁྱབ་ཁོངས་སོ་སོའི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། གྲོས་གླེང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བར་མུ་མཐུད་ཤུགས་བཏོན་ནས། འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་འདོད་ཡོད།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།