ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས23ཉིན་གྱི་ས་སྲོད་སྐབས་སུ་ཀུ་ཤུ་དང་། ཧུའེ་རུའེ། པོ་ཧྥུན། མེ་ཏུན་ལི། ཝན་ཧྲི་ཏ་ཁ། ལི་ལའེ་སྨན་རྫས། ཅ་ཅི། ཁང་ཉིང་སོགས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་གྲགས་ཅན་གྱི་འགན་འཁུར་མི་སྣར་ཐུག་འཕྲད་གནང་སྟེ། གོ་ལ་ཧྲིལ་བོ་དང་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས། ཀྲུང་གོར་དངུལ་གཏོང་རྒྱ་སྐྱེད་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཧོ་ལི་ཧྥུང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་ལ་མཉེན་གཤིས་ལྡན་ལ། གཏིང་ཤུགས་ཆེ་བ་དང་གསོན་ཤུགས་རྒྱས་པས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་རྒྱུ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིས་ཀྲུང་གོར་མ་རྩ་གཏོང་ཚད་ཇེ་མང་དུ་བཏང་སྟེ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིའི་འགན་འཁུར་མི་སྣས་ཀྲུང་གོའི་ཁྲོམ་རར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་མདུན་ལམ་ལ་རེ་བ་བཅངས་ཡོད་པས། ཀྲུང་གོར་ཡུན་རིང་དུ་མཉམ་ལས་བྱེད་པར་ནུས་ཤུགས་འདོན་འདོད་ཡོད་ཟེར། །