མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཧན་ཀྲིན་གྱིས་ཕྱི་རྒྱལ་ཁེ་ལས་ཀྱི་འགན་ཁུར་མི་སྣར་ཐུག་འཕྲད་བྱས།

  2025-03-25 16:40:43 

    ཟླ3པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་སོ་སོར་ཀྲུང་གོར་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་དབྱིན་ཇིའི་ཐའེ་ཀུའུ་སྡེ་ཚོགས་ཀྱི་སྲིད་འཛིན་ཙུང་ཚའེ་ཧྲི་མེན་ལུན་དང་སུའེ་ཙེར་གྱི་ནོ་ཧྭ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཝན་སི་ཧན་དང་ཐུག་འཕྲད་བྱས།

11111.jpg

ཟླ3པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཀྲུང་གོར་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་དབྱིན་ཇིའི་ཐའེ་ཀུའུ་སྡེ་ཚོགས་ཀྱི་སྲིད་འཛིན་ཙུང་ཚའེ་ཧྲི་མེན་ལུན་དང་ཐུག་འཕྲད་བྱས།

ཧྲི་མེན་ལུན་དང་ཐུག་འཕྲད་བྱེད་སྐབས། ཧན་ཀྲིན་གྱིས་མིག་སྔར་འཛམ་གླིང་འདི་རྙོག་འཛིང་ཆེ་བའི་འགྲན་སློང་ལ་འཕྲད་ཡོད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་གཞིར་སྙོམས་སྒྲིག་གང་ལེགས་བྱས། ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། འཛམ་གླིང་ཉོ་ཚོང་སྒྲིག་སྲོལ་མ་ལག་ལ་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་མང་པོ་སྣོན་རྒྱུ་ཡིན། ཐའེ་ཀུའུ་སྡེ་ཚོགས་ནི་འཛམ་གླིང་གི་མིང་དུ་གྲགས་པའི་རྒྱལ་ཁབ་བརྒལ་བའི་ཀུང་ཟི་ཞིག་ཡིན་ལ། ཀྲུང་གོའི་ནང་ཁུལ་དང་ཞང་ཀང་དུ་འཕེལ་རྒྱས་ལེགས་པོ་བྱུང་ཡོད། ཐའེ་ཀུའུ་སྡེ་ཚོགས་ཀོང་ཏུང་དང་ཞང་ཀང་ཨའོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོ་དང་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས། ཞང་ཀང་གི་རྒྱལ་སྤྱིའི་མཁའ་འགྲུལ་གྱི་གོ་གནས་གཙོ་བོ་སྲ་བརྟན་དང་དེར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཕྱོགས་སུ་བྱས་རྗེས་གསར་བ་འཇོག་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་བསྟན།

22222.jpg
ཟླ3པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཀྲུང་གོར་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་སུའེ་ཙེར་གྱི་ནོ་ཧྭ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཝན་སི་ཧན་དང་ཐུག་འཕྲད་བྱས།

ཝན་སི་ཧན་དང་ཐུག་འཕྲད་བྱེད་སྐབས། ཧན་ཀྲིན་གྱིས་ནོ་ཧྭ་ཀུང་ཟི་ནི་འཛམ་གླིང་གི་མིང་དུ་གྲགས་པའི་སྨན་རྫས་གསར་གཏོད་ཁེ་ལས་ཤིག་ཡིན་ལ། མིའི་རིགས་ཀྱི་བདེ་འཇགས་བྱ་གཞག་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོའི་སྲིད་གཞུང་གིས་སྨན་རྫས་གསར་སྤེལ་གསར་གཏོད་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ་དང་། ཁྲིམས་ལྟར་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། ནོ་ཧྭ་ཀུང་ཟི་ཚུད་པའི་ཕྱི་རྒྱལ་ཁེ་ལས་ལ་གསར་གཏོད་ཀྱི་ཁོར་ཡུག་སྔར་ལས་བཟང་པོ་འདོན་སྤྲོད་བྱེད་རྒྱུ་ཡིན། ནོ་ཧྭ་ཀུང་ཟི་ཡིས་གོ་སྐབས་དམ་འཛིན་བྱེད་པ་དང་། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཟབ་སྤེལ་བྱེད་པ་དང་། ཀྲུང་གོ་རུ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་རེ་བ་བྱེད་ཀྱིན་ཡོད་ཅེས་བསྟན།

ཧྲི་མེན་ལུན་དང་ཝན་སི་ཧན་གྱིས་ཉེ་བའི་ལོ་འགའི་རིང་གི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རེ་ལྟོས་ཆེ་ཞིང་ཀྲུང་གོར་མ་དངུལ་གཏོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད། ཁེ་ལས་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་ཀྲུང་གོ་དང་ཡུན་རིང་མཉམ་ལས་བྱེད་པ་དང་། མུ་མཐུད་དུ་ཀྲུང་གོ་རུ་རྐང་བཙུགས་ནས། ཀྲུང་གོའི་ཁྲོམ་ར་སྔོག་འདོན་ཟབ་མོ་བྱེད་པ་དང་། ཀྲུང་གོའི་དངུལ་གཏོང་རྒྱ་བསྐྱེད་པ། ཀྲུང་གོ་དང་མཉམ་དུ་མཁའ་འགྲུལ་དང་སྨན་རྫས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། དབྱིན་ཇི་དང་ཀྲུང་གོ། སུའེ་ཙེར་དང་ཀྲུང་གོ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།