མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དར་ལག་རྫོང་སྤྱི་བདེ་ཅུའུ་ཡིས་ཤོ་རྒྱག་མཁན9བཟུང་།

མཁའ་འབུམ་རྒྱལ།  2025-03-24 10:15:08 

ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྤྱི་བདེ་ཅུའུ་རྒྱུ་སྨད་མངགས་གཏོང་ཁང་གིས་མགྱོགས་མྱུར་ཕར་རྒོལ་བྱས་ཏེ། གྲོང་མིའི་ཐོག་ཁང་ཞིག་ཏུ་སྦས་སྐུང་བྱས་པའི་ཤོ་རྒྱག་གནས་ཤིག་བདེ་བླག་ངང་གཏོར་བ་དང་། ཡུལ་དངོས་སུ་ཁྲིམས་འགལ་ངང་ཤོ་རྒྱག་མཁན9འཛིན་བཟུང་བྱས་པར་མ་ཟད། ཤོ་རྒྱག་མ་དངུལ་སྒོར1200དང་ཤོ་རྒྱག་ཡོ་བྱད་འགའ་ཞིག་ཀྱང་རྩད་ཆོད་ནས་གཞུང་བཞེས་བྱས།

ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱུ་སྨད་མངགས་གཏོང་ཁང་གིས་མང་ཚོགས་ཀྱི་ཐེར་འདོན་ཁུངས་སྣེ་དང་ལེན་བྱས་ཏེ་གྲོང་མིའི་ཐོག་ཁང་ག་གེ་མོའི་ནང་མི་མང་འདུས་ནས་ཤོ་རྒྱག་པའི་སྣང་ཚུལ་ཡོད་ཅེས་བཤད་། ཐེར་འདོན་ཁུངས་སྣེ་འབྱོར་རྗེས། མངགས་གཏོང་ཁང་གིས་འཕྲལ་དུ་ཞིབ་བཤེར་དང་འཇབ་རྒོལ་ཇུས་གཞི་གཏན་འཁེལ་བྱས་ཏེ། ཉིན་དེའི་ཆུ་ཚོད17ཡས་མས་སུ། མངགས་གཏོང་ཁང་གིས་ཉམས་མྱོང་ཅན་གྱི་ཉེན་རྟོག་པ10སྐོང་འཐེན་བྱས་ནས་ལམ་ཕྱོགས་གཉིས་སུ་བགོས་ཏེ། ཐད་ཀར་དམིགས་སར་སོང་ནས་མགྱོགས་མྱུར་ངང་ཚོད་འཛིན་བྱས་ཏེ་མཱ་ཅང་གི་རྣམ་པའི་ཤོ་རྒྱག་བཞིན་པའི་ཏེན་ཆེ་གེ་མོ་དང་སྨི་ཆེ་གེ་མོ་སོགས་མི9ཡུལ་དངོས་སུ་རྩད་གཅོད་བྱས།

བརྟག་དཔྱད་བྱས་པ་བརྒྱུད། ཤོ་རྒྱག་མཁན་མི9ཡིས་རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྦ་གསང་མེད་པར་ཁས་ལེན་བྱས་ཤིང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཤོ་རྒྱག་ཏུ་ཞུགས་མཁན་རྣམས་ལ་སྲིད་འཛིན་བཀག་ཉར་བྱས་པར་མ་ཟད། ད་དུང་དངུལ་ཆད་ཀྱང་བཅད་དེ་ཤོ་རྒྱག་མ་དངུལ་དང་ཡོ་བྱད་ཚང་མ་ཁྲིམས་ལྟར་གཞུང་བཞེས་བྱས་ལ། གྱོད་དོན་དེ་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།

རྩོམ་སྒྲིག་པ། སངས་བཀྲ།