མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལའོ་ཏུང་ཁྲོན་གྱིས་ནུབ་བྱང་བཟོ་ལས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཡན་རུང་སོགས་ལ་ཐུག་འཕྲད་བྱས།

  2025-03-22 19:42:18 

ཟླ3པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་བཟོ་བསྐྲུན་གླིང་གི་ཡོན་ཧྲི། ནུབ་བྱང་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཡན་རུང་སོགས་ལ་ཐུག་འཕྲད་བྱས།

ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལིས་ཡན་རུང་སོགས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་ཤིང་། ནུབ་བྱང་སློབ་ཆེན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ནས་གོམ་སྟབས་བརྟན་པོ་གསར་དུ་སྤོས་ཡོད། ནུབ་བྱང་བཟོ་ལས་སློབ་ཆེན་གྱིས་སྤྱི་ཁྱབ་དཔེ་སྟོན་རྣམ་པའི་འཇོན་མི་གསོ་སྐྱོང་གི་གཞི་རྒྱ་ཆེ་བ་དང་ཚན་རིག་ཞིབ་འཇུག་གྲུབ་འབྲས་ཚུལ་སྒྱུར་བྱེད་ཚད་མཐོ་བ། འཇོན་མི་གསོ་སྐྱོང་གི་སྤྱོད་གོ་ཆེ་བ་སོགས་ཀྱི་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱས་ཏེ། མཚོ་སྔོན་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་དམིགས་སུ་འཛིན་པ། སློབ་གསོའི་ཁ་གཏད་རོགས་སྐྱོར་དང་འཇོན་མི་བརྗེ་རེས་གསོ་སྐྱོང་། དམའ་རིམ་དཔལ་འབྱོར་འཕེལ་རྒྱས། མཐོ་སྒང་ཁམས་གསོ་ཞིབ་འཇུག་སོགས་ཕྱོགས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་དུ་གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས་ཞེས་བཤད།

ལིས་ཡན་རུང་གིས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་ལ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ནུབ་བྱང་བཟོ་ལས་སློབ་ཆེན་གྱིས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དར་སྤེལ་དང་། དུས་རབས་དང་མཉམ་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་དགོས་མཁོར་སྦྲེལ་མཐུད་གང་ལེགས་བྱེད་པ་དང་། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུ་ཡིན།

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཁྲིན་ཅི་ཝེ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།