མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཧན་ཀྲིན་གྱིས་ཧྥེ་ཅིའི་གྲོས་དཔོན་ཅི་ཐོ་ཁི་ལ་མཇལ་འཕྲད་གནང་།

  2025-03-22 19:44:47 

20250322082207ANfl.png

ཟླ3པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཧྥེ་ཅིའི་གྲོས་དཔོན་ཅི་ཐོ་ཁི་ལ་མཇལ་འཕྲད་གནང་།

ཟླ3ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཧྥེ་ཅིའི་གྲོས་དཔོན་ཅི་ཐོ་ཁི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཧྥེ་ཅི་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་དང་། འབྲེལ་བ་བཙུགས་ནས་ལོ50འཁོར་བའི་རིང་། ཀྲུང་གོ་དང་ཧྥི་ཅི་བར་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་དེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། རྒྱལ་ཁབ་གཉིས་ནི་ཕན་ཚུན་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ཅི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་བཏང་སྟེ་འབྲེལ་བ་བཙུགས་ནས་ལོ50འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་འདོད་ཡོད། ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་གཏིང་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱ་དགོས་ལ། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཧྥེ་ཅིའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས།

ཅི་ཐོ་ཁི་ཡིས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱ་རྒྱུ་ནི་ཧྥེ་ཅི་དང་ཀྲུང་གོའི་འབྲེལ་བའི་རྨང་རྡོ་ཡིན། ཧྥེ་ཅི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་མགོ་གལ་ཆེན་དང་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་བྱས་ནས། ཀྲུང་གོ་ཕྱོགས་དང་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་དབུལ་པོ་ཉུང་གཏོང་། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་གཞུང་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།