མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་ཟིའི་ཀྲུང་གོ་ཁུལ་ཁོངས་ཀྱི་ཀྲུའུ་ཞི་སོགས་དང་བཞུགས་མོལ་བྱས།

  2025-03-21 22:29:01 

ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་ཟིའི་ཀྲུང་གོ་ཁུལ་ཁོངས་ཀྱི་ཀྲུའུ་ཞི་སའེ་ལེ·ཧྭ་པའོ་ཐིས་སོགས་དང་བཞུགས་མོལ་བྱས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སའེ་ལེ་ཧྭ·པའོ་ཐིས་འཁོར་དང་བཅས་པར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོ་ཚོས་བཤད་རྒྱུར། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ཁྲིད་སྟོན་འོག རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་ནས། འགྲོ་འོང་བརྗེ་རེས་ཉིན་བཞིན་དམ་ཟབ་ཏུ་གྱུར་ཡོད། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་ནས། ལེ་ཡཱ་ཏི་རུ་ཀྲུང་གོའི་མཚོ་སྔོན་གྱི་དངུལ་གཏོང་འོས་སྦྱོར་ཚོགས་འདུ་བསྡུས་པ་དང་། ཕྱོགས་གཉིས་བར་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཤིང་མགོ་ཡག་པོ་ཞིག་བརྩམས་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་བྱེད་པ་དང་། དག་གཙང་ནུས་ཁུངས་དང་ལྗང་གློག་ཆིང་བཟོ། ཆུའི་ཐོན་ཁུངས་ནུས་མཐོ་སྒོས་བེད་སྤྱོད། ལྗང་མདོག་རྩིས་ནུས་སོགས་ཀྱི་ཁྱབ་ཁོངས་སུ་རིམ་པ་ཟབ་མོའི་མཉམ་ལས་འཚོལ་ཞིབ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོའི་སྲོག་ཤིང་ལས་གཞི་བསྐྲུན་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

སའེ་ལི·ཧྭ་པའོ་ཐིས་ཀྱིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི2030ལོའི་མདུན་ལྗོངས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་གཉིས་ཧ་ཅང་མཐུན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་མདུན་ལམ་རྒྱ་ཆེ་ཞིང་སྦས་ཤུགས་ཧ་ཅང་ཆེ། ང་ཚོས་སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་ཟིའི་སྔོན་ཐོན་ལས་གཞིའི་དངུལ་གཏོང་གསར་སྤེལ་དང་ལས་གཞི་དོ་དམ་འཁོར་རྒྱུག་ཉམས་མྱོང་མཚོ་སྔོན་དུ་འཁྱེར་ཡོང་ནས། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥུན་བཞུགས་མོལ་ལ་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།