མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཞི་ཡིས་ཅང་ཞི་རུ་རྟོག་ཞིབ་གནང་།

  2025-03-21 22:36:28 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས17ཉིན་ནས་ཚེས20ཉིན་བར་ཅང་ཞི་རུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་ཕབ་གཉིས”བརྩི་སྲུང་ནན་མོ་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ནན་ཏན་སྒོས་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།

༡.jpg

ཟླ3པའི་ཚེས17ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཅང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཟླ3པའི་ཚེས18ཉིན་ལིས་ཞི་ཡིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཝང་ཁོའུ་སྡེ་བ་རུ་ལས་བྱེད་པ་དང་མང་ཚོགས་ལ་བརྗེ་རེས་གཏིང་ཟབ་བྱས་ཏེ། སྤྱོད་གཙང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བསམ་འཆར་དང་གྲོས་མགོ་ཉན་བཞིན་པའི་པར་རེད།

ལིས་ཞི་ཅིན་ཀང་ཧྲན་གྲོང་ཁྱེར་མའོ་ཕིན་གྲོང་རྡལ་ཧྲིན་ཧྲན་སྡེ་བ་རུ་ཡོང་ནས། ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཝང་ཁོའུ་སྡེ་བ་དང་ཧོང་ལིན་སྡེ་བ་བཅས་སུ་ཕེབས་ནས། ལས་བྱེད་པ་དང་མང་ཚོགས་ལ་བརྗེ་རེས་གཏིང་ཟབ་བྱས་ཏེ། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བསམ་འཆར་དང་གྲོས་འགོ་ཉན། ཁོས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་ལྟ་བ་བརྟན་སྲུང་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རྒྱུན་མཐུད་ངང་བཅོས་སྐྱོང་གཏིང་ཟབ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ཅང་ལིན་རླངས་འཁོར་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཧྥུའུ་ཧྲན་བཟོ་གྲྭ་དང་། ཅང་ཀྲུང་སྨན་ལུམས་བཟོ་སྐྲུན་རྟེན་གཞི། ཅང་ཐུང་སྡེ་ཚོགས་ནན་ཁྲང་མཐོ་གསར་ཐོན་ལས་གླིང་བཅས་སུ། ལིས་ཞི་ཡིས་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ལ་ལྟ་སྐུལ་གྱི་འགན་འཁྲི་ཡག་པོ་བསྒྲུབས་ཏེ་གཞུང་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཞུང་དབང་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན།

༢.jpg

ཟླ3པའི་ཚེས17ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཅང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཟླ3པའི་ཚེས20ཉིན། ལིས་ཞི་ཡིས་ནན་ཁྲང་དུ་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པའི་པར་རེད།

རྟོག་ཞིབ་བྱེད་སྐབས། ལིས་ཞི་ཡིས་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པ་སོགས་ཀྱི་བྱ་བའི་གནས་ཚུལ་རྒྱུས་ལོན་དང་། བསམ་ཚུལ་དང་གྲོས་གཞི་བཏོན་པར་ཉན། ཁོང་གིས་བསྟན་དོན། ད་ལོའི་ཚུན་དུ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ནས། ལས་དོན་ཁག་ནུས་ལྡན་དང་གོ་རིམ་ཡོད་པ། ཏན་ཏིག་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་སློབ་སློབ་གཏིང་ཟབ་དང་དེར་གོ་བ་ཟབ་མོ་བླངས་ཏེ། ཕུན་སུམ་ཚོགས་པའི་ནང་དོན་དང་སྲོག་ཤིང་རྩ་གནད། ལག་ལེན་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གནས་བབ་ཀྱི་གནད་འཁེལ་བརྡར་གཅོད་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་འགན་གྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། མཁྲེགས་གཏོར་དཀའ་སེལ་དང་དངོས་སྒྲུབ་མདུན་སྐྱོད་ཀྱིས་ཆབ་སྲིད་ལྟ་སྐུལ་དང་། སྤྱོད་གཙང་སྒྲིག་ནན་སྒོས་རུལ་སུངས་ལ་རྒོལ་བར་སྐུལ་འདེད་གཏིང་ཟབ་བཏང་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་སྔར་ལས་མང་བའི་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་བྱེད་ཕྱོགས་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ཏེ། སྣེ་ཁྲིད་ནས་ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དམ་འཛིན་ལེགས་པོ་བྱེད་པ། སློབ་སྦྱོང་གི་རང་རྟོགས་ཇེ་མཐོར་གཏོང་བ་དང་། ཞིབ་བཤེར་གྱི་ནུས་ཚད་ལས་བདེན་དོན་མངོན་པ་སྲུང་འཛིན་བྱེད་པ། ལེགས་བཅོས་ཀྱི་དངོས་འབྲས་སྟེང་ཤུགས་འདོན་པར་ཁག་ཐེག་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་སོ་སོ་ལེགས་འགྲུབ་བྱས་ནས་ཏང་གི་བྱེད་ཕྱོགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། སྒྲིག་རིམ་ཅན་དུ་འཛུགས་སྐྲུན་ལོའི་འགུལ་སྐྱོད་ཏན་ཏིག་སྒོས་སྤེལ་ཏེ། ཆབ་སྲིད་བྱེད་ནུས་དང་སྲིད་ཇུས་ཆུ་ཚད། སྒྲིག་ཁྲིམས་བྱང་ཚད་བཅས་སྔར་ལས་ཇེ་མཐོར་བཏང་ནས། བློ་དཀར་རྣམ་དག་སྒོས་ཁག་ཁུག་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་ཅིང་བྱེད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱ་དགོས་ཞེས་བསྟན།

ལིས་ཞི་ཡིས་ད་དུང་ཅིན་ཀང་རི་བོའི་ཟུར་བརྒྱད་ཐོག་ཁང་གི་གསར་བརྗེའི་གནས་ཡུལ་རྙིང་པ་དང་། ཅིན་ཀང་རི་བོའི་གསར་བརྗེའི་དཔའ་བོའི་བང་སོ་ལ་མཇལ་བར་མ་ཟད། གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་མེ་ཏོག་སུ་ར་ཕུལ་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་ཅིན་ཀང་རི་བོའི་སྙིང་སྟོབས་ཁྲོད་ནས་དམར་པོའི་གཞི་རྒྱུ་རྒྱུན་མཐུད་དང་འབད་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་པའི་རྣམ་པར་བརྟེན་ནས་ལམ་བུ་གསར་པའི་སྟེང་ཡག་པོ་བསྐྱོད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།