མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་ད་ལོ་ཕལ་ཆེར་ཤར་སྟོང་བྱེད་ཐུབ་རྒྱུ་རེད།

  2025-03-20 18:31:35 

ཉེ་ལམ།  གསར་འགོད་པའི་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་ཟི་ནས་ཤེས་གསལ་ལྟར་ན། ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་ཟིས་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་གཙོ་གདན་དུ་བཟུང་ནས། གཅིག་གྱུས་སྒོས་ལམ་ཐིག་གཙོ་བོ་འཛུགས་སྐྲུན་བྱེད་རྒྱུར་ཡར་སྐུལ་བྱེད་པ་དང་། ལས་གཞི་ལས་མགོ་རྩོམ་པ་དང་རིག་ནུས་འགྲིམ་འགྲུལ་མཉམ་འདྲེས་བྱས་ཏེ། ནུར་ལྕེ་ནས་རྟ་ནག་མའི་ལམ་ཐིག་དང་། རྟ་ནག་མ་ནས་ཆུ་ཆེན་ཟམ་པའི་བར་གྱི་ལམ་ཐིག་ད་ལོ་ཡོངས་འགྲུབ་བྱེད་རྒྱུ་དང་། མཚོ་སྔོན་པོའི་ཡུལ་སྐོར་ཁུལ་དང་མཚོ་སྔོན་དང་ཀན་སུའུ་བར་གྱི་སྐོར་ལམ་གྱི་འགྲིམ་འགྲུལ་སྦྲེལ་མཐུད་ལ་འདེགས་སྐྱོར་བྱེད་རྒྱུ་རེད།

རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁ་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་ཐོག་མ་དེ་ཡིན་པ་མ་ཟད། སྣོད་བཅུད་སྲུང་སྐྱོང་དང་། རིག་ནུས་ཚན་རྩལ་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་གཞུང་ལམ་ཞིག་ཀྱང་རེད། རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁ་བར་གྱི་གཞུང་ལམ་གྱི་ལམ་ཐིག་ནི་རིག་སྨོན་གྲོང་རྡལ་གྱིG6མྱུར་བགྲོད་གཞུང་ལམ་གྱི་རིག་སྨོན་ལམ་ཁྲལ་ལེན་ས་ནས་འགོ་བརྩམས་པ་དང་། རྟ་ནག་མ་གྲོང་རྡལ་མཚོ་སྐོར་ནུབ་ལམ་གྱི་སྣོལ་ལམ་གྱི་ལམ་མདོ་ནས་བྱང་གི་སྤྱི་ལེ5ཡི་མཚམས་ཡིན་ལ། ལམ་ཐིག་ཧྲིལ་པོར་སྤྱི་ལེ121.3ཡོད། དེའི་ནང་རིག་སྨོན་གྲོང་རྡལ་ནས་ནུར་ལྕེ་ལམ་ཐིག་དེ2024ལོར་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་སྤྱོད་འགོ་ཚུགས་པ་དང་། ནུར་ལྕེ་ནས་རྟ་ནག་མའི་བར་གྱི་ལམ་ཐིག་དང་། རྟ་ནག་མ་ནས་ཆུ་ཆེན་ཟམ་པའི་བར་གྱི་ལམ་ཐིག2025ལོར་མཚོ་སྔོན་ཞིང་ཆེན་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་རྣམ་གྲངས7གྱི་གསལ་ཐོའི་ནང་བཞག་ནས་ད་ལོ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད།

ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་ཟིའི་ཁོངས་སུ་གཏོགས་པའི་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁ་བར་གྱི་རྣམ་གྲངས་གཞུང་ལས་ཁང་གིས་འཛུགས་སྐྲུན་ནང་ཞུགས་མཁན་ལས་ཁུངས་ཁག་སྒྲིག་འཛུགས་བྱས་ཏེ་ད་ལོའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་སློང་ཚོགས་འདུ་འཚོགས་ཏེ། ད་ལོའི་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་། འཛུགས་སྐྲུན་ནང་ཞུགས་མཁན་ལས་ཁུངས་ཁག་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་བ། ལས་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། གནད་དོན་གཙོ་བོར་དམིགས་པ། སྤུས་ཚད་དང་ཉེན་ཁར་སྔ་མོ་ནས་ཚོད་འཛིན་བྱེད་པ། བརྒྱུད་རིམ་གྱི་སྤུས་ཚད་དང་དོ་དམ་ཚོད་འཛིན་བྱེད་པར་དོ་སྣང་བྱེད་པ། སྤུས་ཚད་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་བར་སྒྲིག་འཛུགས་བཅས་བྱས་པ་དང་དུས་མཚུངས་སུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁ་བར་གྱི་རྣམ་གྲངས་འཛུགས་སྐྲུན་དམིགས་འབེན་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་ནི་མཚོ་སྔོན་པོའི་ལྟེ་བའི་མཛེས་ལྗོངས་ཁུལ་མང་པོ་དང་སྦྲེལ་མཐུད་བྱས་ཡོད་ལ། སྐྱེ་ཁམས་ཡུལ་སྐོར་གཞུང་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྣམ་གྲངས་དེ་འཛུགས་བསྐྲུན་བྱས་རྗེས་འགྲིམ་འགྲུལ་དྲ་རྒྱ་མངོན་སུམ་སྒོས་ཇེ་ལེགས་སུ་བཏང་ཡོད་ལ། རླངས་འཁོར་ཤར་གཏོང་བྱེད་ཚད་མཐོ་བ་ལས། ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁོངས་དཔལ་འབྱོར་ལ་སྐུལ་ཁྲིད་བཅས་བྱས་ཏེ་འགྲིམ་འགྲུལ་གྱི་ནུས་པ་དང་ཡུལ་སྐོར་གྱི་རིན་ཐང་མངོན་འགྱུར་བྱེད་ཐུབ།

རྩོམ་སྒྲིག་པ། སངས་བཀྲ།