དམངས་ཆེན་ལྟ་སྐུལ་གྱི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་ཆེད། ཟླ3ཚེས13ཉིན་ནས་ཚེས14ཉིན་བར་ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཁོངས་གཏོགས་རྩ་འཛུགས་བྱས་ནས་ཆེད་དོན་ལྟ་སྐུལ་བྱ་བའི་སློབ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ།
བྱ་འགུལ་སྐབས་སུ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》ལ་གསལ་འགྲེལ་གཏིང་ཟབ་བྱས་པས། ཁྲིམས་འཛུགས་རྒྱབ་ལྗོངས་དང་དོན་ཚན་འགྱུར་ལྡོག་ནས་དོན་དངོས་བཀོལ་སྤྱོད་བར་དུ་ཞུགས་མཁན་མི་སྣས་ལྟ་ཞིབ་བྱ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་གོ་རིམ་ལ་ངོས་འཛིན་སྔར་ལས་གསལ་པོ་བྱུང་ཡོད། དེ་དང་ཆབས་ཅིག་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བ་གདན་ཞུ་བྱས་ནས《ལྟ་ཞིབ་བཅའ་ཁྲིམས》ཀྱི་ནང་དོན་ཁག་ཅིག་ལ་འགྲེལ་བཤད་ཞིབ་ཕྲ་བྱ་རྒྱུ་མ་ཟད། ས་གནས་རིམ་པ་སོ་སོའི་དམངས་ཆེན་གྱིས་རིམ་པ་གཅིག་མཚུངས་ཀྱི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་བསམ་བློ་དང་། བྱ་བའི་རྩ་དོན། གནད་ཆེའི་ནང་དོན། གོ་རིམ་སོགས་ལ་དམིགས་ནས་མཛུབ་ཁྲིད་བྱ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམ་པ་གཅིག་མཚུངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་ལྟ་ཞིབ་བྱ་བ་སྙན་ཞུ་བྱེད་པ་ནི། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གལ་ཆེན་བཀོད་སྒྲིག་བྱེད་པའི་ནང་དོན་གཙོ་བོ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་ལྡན་བྱེད་ཐབས་ཡིན་པར་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོང་བྱེད་པ་དང་། དབང་ཆ་ཚོད་འཛིན་དང་ལྟ་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འགན་སྲུང་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དེ་བས་ཀྱང་ཡིན།
ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་བརྗེ་རེས་བྱ་འགུལ་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ལྟ་ཞིབ་བྱ་བ་ལེགས་པོར་བསྒྲུབ་པར་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ཕུན་སུམ་ཚོགས་པའི་ཉམས་མྱོང་དང་བྱེད་ཐབས་ཀྱང་འདོན་སྤྲོད་བྱས་ཡོད། ང་ཚོས་དམངས་ཆེན་གྱི་ཆེད་དོན་ལྟ་ཞིབ་བྱ་བ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། བྱ་བའི་བླང་བྱ་དང་ཚད་ལྡན་གོ་རིམ་ལྟར་དུ་བྱ་བ་སྤེལ་ནས་ལྟ་ཞིབ་དབང་ཆ་དེ་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་ཚད་ལྡན་དང་ཡང་དག་པའི་ངང་བསྐྱོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་དམངས་ཆེན་གྱི་སྟོབས་ཤུགས་བརྟན་པོ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།