གཅིག བཅའ་ཁྲིམས་ཀྱི་ཐ་སྙད་འགྲེལ་བཤད།
ལུས་ཕུང་གི་དབང་ཆ་ཞེས་པ་ནི་སྤྱི་དམངས་ཀྱི་ལུས་པོ་ཡོངས་དང་ལུས་པོའི་སྐྱེ་ལྡན་གྲུབ་ཆ་མགོ་དང་རྐང་ལག ནང་ཁྲོལ་སོགས་ལུས་སྟེང་དུ་སྐྱེས་པའི་གྲུབ་ཆ་ལ་ཁྲིམས་འགལ་གྱི་བཙན་གནོད་མི་ཐེབས་པའི་ཁེ་དབང་ལ་ཟེར།
གཉིས། བཅའ་ཁྲིམས་དབྱེ་ཞིབ།
ལུས་པོའི་དབང་ཆའི་ནང་དོན་ནི་ལུས་ཕུང་གི་ཆ་ཚང་དང་བྱ་སྤྱོད་ཀྱི་རང་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་དེ་ཡིན། རྩ་འཛུགས་གང་དང་མི་སྒེར་སུ་ཡིན་རུང་ཞིག་གིས་མི་གཞན་གྱི་ལུས་པོའི་དབང་ཆར་གནོད་འཚེ་བཏང་མི་ཆོག
ལུས་པོའི་དབང་ཆར་གནོད་འཚེ་གཏོང་བའི་བྱ་སྤྱོད་ནི་སྣ་མང་ཞིག་ཡིན། ལུས་པོའི་ནང་མགོ་དང་སྐེ་དང་ལུས་གཞུང་། རྐང་ལག དབང་བོ། སྤུ་དང་སེན་མོ་སོགས་མིའི་ལུས་པོའི་ཕྲ་ཕུང་དང་མིའི་ལུས་པོའི་གྲུབ་ཆ། མིའི་ལུས་པོའི་དབང་བོ་སོགས་ཚུད་ཡོད། དཔེར་ན། མི་གཞན་གྱི་སྐྲ་དང་སྨིན་མ་གང་འདོད་བཞིན་བཙན་གྱིས་དྲས་པ་དེས་ལུས་པོའི་དབང་ཆར་གནོད་འཚེ་བཏང་བ་ཡིན། ལུས་ཕུང་དུ་གཏན་འཇགས་བྱས་ནས་ལུས་ཕུང་གི་གྲུབ་ཆ་གྱུར་པ་དེ་གྲུབ་ཆ་གཞན་དག་དང་ཟུང་འབྲེལ་བྱས་ནས་ནུས་པ་འདོན་སྤེལ་བྱེད་ཞིང་། རང་མོས་ངང་ལེན་མི་ཆོག་པའི་མིས་བཟོས་ཟུར་སྣོན་གྱི་ཆ་ཤས་དེ། དཔེར་ན། རྐང་ལག་རྫུན་མ་དང་སོ་སྐྱུར། མིག་སྐྱུར། སྙིང་གི་འཕར་ཆས་སོགས་ཡང་ཡིན། ལུས་ཕུང་གི་ཆ་ཤས་དེ་དག་ལ་གནོད་འཚེ་བཏང་བ་ཡང་ལུས་ཕུང་གི་དབང་ཆར་གནོད་འཚེ་བཏང་བ་དང་། སེམས་ཁམས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པར་བརྩིས་ཆོག་པས། ཁྲིམས་ལྟར་སེམས་ཁམས་ལ་གནོད་སྐྱོན་ཐེབས་པའི་སྐྱིན་ཚབ་འཇལ་རྒྱུའི་རེ་ཞུ་བྱས་ཆོག
དོ་སྣང་བྱེད་དགོས་ས་ཞིག་ནི། རང་བྱུང་མི་ཤི་རྗེས་ལུས་པོའི་དབང་ཆ་དེ་ལོངས་སུ་སྤྱོད་རྒྱུ་མེད་མོད། འོན་ཀྱང་། རང་བྱུང་མི་ཤི་རྗེས་ཀྱི་ཕུང་པོ་དང་རུས་པ། རུས་ཐལ་བཅས་ལའང་བརྩི་འཇོག་བྱ་དགོས།
གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།
རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1003པའི་གཏན་འཁེལ་ལྟར་ན། རང་བྱུང་མི་ལ་ལུས་པོའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། རང་བྱུང་མིའི་ལུས་ཕུང་ཆ་ཚང་དང་བྱ་སྤྱོད་རང་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ངེས་ཡིན། རྩ་འཛུགས་སམ་མི་སྒེར་གང་རུང་གིས་མི་གཞན་གྱི་ལུས་པོའི་དབང་ཆར་གནོད་འཚེ་བཏང་མི་ཆོག