མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྱོ་གས་ཐད་གཏོང་དུ་ཆུང་མ་ཚང་ལ་དམའ་འབེབས་བྱས་པའི་མཇུག་འབྲས།

སངས་བཀྲ།  2025-03-18 16:41:22 

ཉེ་ཆར། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་བསྟན་མ་མངགས་གཏོང་ཁང་གིས་དྲ་ལམ་ནས་གཞན་ལ་སྡིགས་མོ་བྱས་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་ཤིང་། གྱོད་དོན་དང་འབྲེལ་བ་ཡོད་པའི་སྐྱེས་པ་པའེ་ཆེ་གེ་མོ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།

“ཉེན་རྟོག་པ་ལགས། ངའི་ཁྱོ་ག་པའེ་ཆེ་གེ་མོས་ཆང་འཐུངས་རྗེས་ཐད་གཏོང་གི་ལམ་ནས་ང་དང་ངའི་ཁྱིམ་མིར་བསམ་ངན་གྱིས་དམའ་འབེབས་ཐེངས་མང་བྱས་པར་བརྟེན། ངེད་ཁྱིམ་ཚང་གི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཁྱེད་ཚོས་ཐག་གཅོད་བྱེད་རོགས”ཞེས་ཉིན་དེའི་སྔ་དྲོའི་ཆུ་ཚོད10ཡས་མས་སུ། མངའ་ཁུལ་གྱི་སྡེ་བ་ག་གེ་མོའི་སྡེ་མི་ལི་ཆེ་གེ་མོ་མངགས་གཏོང་ཁང་གི་ལས་རེས་ཁང་དུ་ཡོང་ནས་ཉེན་རྟོག་པར་ཡར་ཞུ་བྱས་པར་མ་ཟད། ད་དུང་ཕབ་ལེན་བྱས་པའི་བརྙན་མཁོ་འདོན་བྱས།

སྙན་སེང་འབྱོར་རྗེས། ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་བྱས་ཏེ་ཁྲིམས་ལྟར་པའེ་ཆེ་གེ་མོ་མངགས་གཏོང་ཁང་དུ་བོས་ནས་འདྲི་རྩད་བྱས་པ་བརྒྱུད། པའེ་ཆེ་གེ་མོས་སྒེར་གྱི་སྙིང་ནད་སེལ་ཆེད་ཐད་གཏོང་ནང་དུ་གཞན་ལ་དམའ་འབེབས་བྱས་པའི་ཁྲིམས་འགལ་གྱི་དོན་དངོས་ཁས་བླངས་པ་རེད།《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་པའེ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན7གྱི་ཆད་པ་བཅད།མིག་སྔར། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་པའེ་ཆེ་གེ་མོ་ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཡོད།

རྩོམ་སྒྲིག་པ། སངས་བཀྲ།