རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ3པའི་ཚེས15ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང(ཆུས)རིམ་པ་གསུམ་གྱི་ཁྲིམས་ལུགས་ལག་བསྟར་མི་སྣས་གཅིག་བསྡུས་སྒོས་ཀྲུང་དབྱང་བརྙན་འཕྲིན་ཁང་གི3·15དགོང་ཚོགས་ལ་བལྟས་པར་མ་ཟད། ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་སྡེབ་སྒྲིག་བྱ་བ་སྤེལ། དགོང་ཚོགས་ཀྱིས་འཚང་འདོན་བྱས་པའི་གནད་དོན་དང་། སྤྱི་ཁྱབ་ཅུའུ་ཡི་ཡུལ་དངོས་སྡེབ་སྒྲིག་གནས་ཚུལ་ལྟར། མཚོ་སྔོན་ཞིང་ཆེན་དུ་ཐད་ཀར་འཚང་འདོན་བྱས་པའི་མཚོ་སྔོན་ཁེ་ལས་ཀྱི་འབྲེལ་ཡོད་གནད་དོན་མེད་ནའང་། ཞིང་ཆེན་ཕྱི་དང་ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་གནད་དོན་འཚང་འདོན་ཐད། མྱུར་དུ་བཀོད་སྒྲིག་བྱས་ནས་མི་འདང་ས་ཁ་གསབ་བྱས་ནས། དེའི་རིགས་ཀྱི་གནད་དོན་མི་འབྱུང་བར་བྱས་པ་དང་། འཚང་འདོན་ཐོན་རྫས་ཐད་རྩད་ཞིབ་བྱས་ཏེ། ཁྲིམས་འགལ་བྱ་སྤྱོད་མཐོང་བར་མཐའ་གཅིག་ཏུ་ཁྲིམས་ལྟར་ཐག་གཅོད་བྱས།
ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། ཀྲུའོ་མུའུ་ཉའོ་ཁྱིམ་སྤྱོད་གློག་ཆས་ཞིག་གསོའི་སྟེགས་བུའི་ཐོ་འགོད་བྱེད་ས་དེ་ཁྲུང་ཆིན་གྲོང་ཁྱེར་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་དུ་ཡན་ལག་སྡེ་ཁག་མེད་ཅིང་། ཁ་པར་ལས་བྱ་དགའ་ལེན་པའི་ཁེ་ལས་ཏོས་པཱ་སྡེ་ཚོགས་ཀྱི་ཐོ་འགོད་བྱེད་ས་དེ་ཀྲེ་ཅང་ཞིང་ཆེན་ཡིན་ལ། མཚོ་སྔོན་དུ་ཡན་ལག་སྡེ་ཁག་མེད། ཧྲན་ཏུང་ཞིང་ཆེན་ཅིའི་ཉིང་གྲོང་ཁྱེར་ལིང་ཧྲན་རྫོང་ཤོག་ལས་ལས་སྣོན་ཚད་ཡོད་ཀུང་སི་ག་གེ་མོས་སྤུས་ཞན་གཅིན་གདན་དང་། འཕྲོད་བསྟེན་ཤོག་བུའི་གནད་དོན། ཧི་ནན་ཞིང་ཆེན་སྨན་བཅོས་སྒྲིག་ཆས་ཀུང་སི་ག་གེ་མོའི་སྤུས་ཞན་གྱི་ཐེངས་གཅིག་ཅན་གྱི་ནང་ལའི་གནད་དོན། ཀོང་ཏུང་ཞིང་ཆེན་ཆུ་ཐོན་ཀུང་སི་ག་གེ་མོའི་ལིན་སོན་ཚྭའི་སྦྱངས་པའི་ཆུ་ཐོན་དངོས་རྫས་གནད་དོན། ཀོས་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཁྱེར་གྱིས་ཐོན་སྐྱེད་བྱས་པའི་གློག་སྐུད་གནད་དོན་བཅས་ལ་དམིགས་ནས། མཚན་མི་དེ་རང་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་གྲོང་ཁྱེར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྩད་ཞིབ་བྱ་བ་བཀོད་སྒྲིག་བྱས།
མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་འཛད་སྤྱོད་པའི་ཞུ་གཏུག་ཁ་པར་ལ་དོ་སྣང་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་དགོང་ཚོགས་ཀྱིས་འཚང་འདོན་བྱས་པའི་གནད་དོན་ལ་རྩད་ཞིབ་ནན་མོ་བྱེད་པ་དང་། དུས་མཚུངས་སུ། ཞིང་ཆེན་ནང་ཁུལ་གྱི་ཐོན་སྐྱེད་དང་ཕྱིར་འཚོང་ཁེ་ལས་ཀྱི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་ཚོང་རའི་བདེ་འཇགས་ཐད་ཁག་ཐེག་བྱ་རྒྱུ་རེད།