མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  2025-03-13 16:17:45 

ཟླ3པའི་ཚེས12ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་གཙོ་གནད་བྱ་བའི་ལས་བགོས་ཇུས་གཞི》ལ་གྲོས་བསྡུར་གྲོས་འཆམ་བྱུང་བ་དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང<མྱུར་སྐྱེལ་འཚམས་འཇོག་སྲོལ་ཡིག>སྐོར་གྱི་ཐག་གཅོད་འཆར་ཟིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་ཞིབ་གྲོས་འཆམ་བྱུང་བའི《སྲིད་གཞུང་བྱ་བའི་སྙན་ཞུ》ལས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་ཚད་ལས་འགན་གསལ་བོར་བཏོན་པ་དང་། སྡེ་ཁག་སོ་སོ་དང་།  ལས་ཁུངས་སོ་སོས་རང་འགུལ་གྱིས་རང་འགན་ཁུར་དུ་བླངས་ཏེ།  སྔར་ལས་ལྷག་པའི་འགན་འཁྲི་དྲག་པོ་ཡོད་པ་དང་།  ཧུར་བརྩོན་གྱི་བྱ་སྤྱོད་ལ་བརྟེན་ནས་ལས་འགན་ལེགས་འགྲུབ་བྱེད་དགོས་ལ།  དངོས་སྒྲུབ་དངོས་ཐོབ་ལ་བརྟེན་ནས་མི་དམངས་ལ་བཞག་པའི་དམ་བཅའ་མངོན་འགྱུར་བྱེད་དགོས།  ཞིབ་ཚགས་ཀྱི་བྱེད་ཐབས་ཀྱིས་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ་དང་།  ངེས་མེད་ཀྱི་རྐྱེན་སྣ་ཚོགས་ལ་དམིགས་ནས་དུས་ཚོད་བརྩོན་ལེན་བྱས་ཏེ།  དམ་འཛིན་མྱུར་སྒྲུབ་དང་མདུན་ནུར་ཤུགས་འདོན་བྱེད་དགོས།  དེ་དང་ཆབས་ཅིག   གནས་བབ་འགྱུར་ལྡོག་ལ་རྗེས་སྙེགས་དམ་ཟབ་བྱེད་པ་དང་།  སྲིད་ཇུས་གསོག་འཇོག་བྱ་བ་བཟང་བོར་བསྒྲུབས་ཏེ།  དགོས་ངེས་ཀྱི་སྐབས་སུ་དུས་ཐོག་གནད་ཁེལ་དང་མགྱོགས་མྱུར་ངང་བྱེད་ནུས་འདོན་དགོས།  གཙོ་གནད་ལ་གཞིགས་ནས་གནད་སྨིན་ཤུགས་འདོན་བྱས་ཏེ།  སྣེ་ཁྲིད་རང་བཞིན་དང་།  སྐུལ་སློང་རང་བཞིན་ལྡན་པའི་གནད་འཚོལ་བཤེར་མཁས་པ་དང་།  བྱེད་ཐབས་དང་གཞི་རྟེན་གསར་བ་མུ་མཐུད་དུ་འཆར་འགོད་བྱེད་པ།  གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ་བཅས་ཀྱི་དོན་འཁྱོལ་གྱི་སྤྱིའི་བྱེད་ནུས་མཐོར་འདེགས་བྱེད་དགོས།  ས་གནས་ཀྱི་མཛུབ་སྟོན་དང་རྒྱབ་སྐྱོར་ལ་ཤུགས་བསྣོན་བྱས་ཏེ།  རྒྱུ་རྐྱེན་འགན་ལེན་དང་།  ཚན་རྩལ་གསར་གཏོད།  བཅོས་བསྒྱུར་སྒོ་འབྱེད་སྔོན་ལ་ཚོད་ལྟ་བྱེད་པ་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་སྲིད་ཇུས་ དང་བྱེ་བྲག་གི་ཇུས་གཞི་འདོན་དགོས།  སྡེ་ཁག་བར་གྱི་མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་བསྣན་ཏེ།  སྡེ་ཁག་སོ་སོའི་སྤྱི་ཡོངས་འདུ་ཤེས་དང་མ་ལག་འདུ་ཤེས་མཐོར་འདེགས་བཏང་ནས།  སྡེ་ཁག་སོ་སོའི་སྣེ་ཁྲིད་དེ་འགན་ཁུར་ཕོད་པ་དང་།  རང་འགུལ་གྱིས་གནད་དོན་ཐག་གཅོད་བྱེད་པ།  སྡེ་ཁག་སོ་སོས་ཧུར་ཐག་གིས་ལས་སྒྲུབ་བྱེད་པ་དང་།  གཞོགས་འདེགས་དམ་ཟབ་དང་སྟོབས་ཤུགས་གཅིག་སྒྲིལ་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང《རྒྱལ་སྲིད་སྤྱི་ཁྱབ་ཁང<མྱུར་སྐྱེལ་འཚམས་འཇོག་སྲོལ་ཡིག>སྐོར་གྱི་ཐག་གཅོད་འཆར་ཟིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།  གྲོས་ཚོགས་ལས་བསྟན་དོན།  མྱུར་སྐྱེལ་ཐུམ་སྒྲིལ་གནད་དོན་ལ་དམིགས་ནས《སྲོལ་ཡིག》ལ་ཆེད་དོན་བཟོ་བཅོས་བྱེད་པ་ནི།  མྱུར་སྐྱེལ་ཐུམ་སྒྲིལ་ལྗང་མདོག་ཅན་དང་།  འཕྲི་ཚན་ཅན།  འཁོར་སྤྱོད་ཅན། མགྱོགས་མྱུར་ངང་ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བ་སྐྱེལ་སྟངས་གྲུབ་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ལ།  མ་ལག་བཅོས་སྐྱོང་དང་རོགས་ལས་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ།  མྱུར་སྐྱེལ་ཁེ་ལས་ཀྱི་གཙོ་གནད་འགན་འཁྲི་བརྟན་སྲུང་དང་། ཐོན་སྐྱེད་ཁེ་ལས་དང་ཚོང་ཁང་།  འཛད་སྤྱོད་པའི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ནས།  བརྒྱུད་རིམ་ཧྲིལ་བོའི་བཅོས་སྐྱོང་ལ་སྐུལ་འདེད་བྱེད་དགོས།  མྱུར་སྐྱེལ་ཐུམ་སྒྲིལ་ལྗང་མདོག་ཅན་དུ་བསྒྱུར་བའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ།  ཐུམ་སྒྲིལ་དང་ཕྱིར་བསྡུ།  གཙང་སེལ།  གཏོང་འགྲེམས་སོགས་ཀྱི་ཚོང་གཉེར་མ་རྩ་མར་ཆགས་པར་བྱས་ཏེ།  ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་ནས།  ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཚོགས་རྣམ་པ་བཟང་བོ་བསྐྲུན་དགོས།

གྲོས་ཚོགས་ལས་ད་དུང་གནད་དོན་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། སངས་བཀྲ།